མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སློབ་གསོ་པུའུ་ཡིས་ས་གནས་ཁག་གིས་སློབ་མ་གཞན་ཡུལ་དུ་སློབ་རིམ་འཕར་རྒྱུའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས་པར་སྐུལ་མ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-03 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེམ་མཐོའི་ལམ་ལུགས་བསྒྱུར་བཅོས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ལག་བསྟར་བྱས་ཏེ། ཞིང་ལས་ཀྱི་སྤོ་བསྒྱུར་མི་ཚོགས་དང་། དེ་བཞིན་དེ་མིན་རྒྱུན་སྡོད་མི་ཚོགས་ཀྱི་མཉམ་ཁྲིད་བུ་ཕྲུག་ལ་སློབ་གསོ་མྱོང་བའི་དབང་ཆ་འདྲ་མཉམ་ལོངས་སྤྱོད་བྱ་རྒྱུ་ཡོད་པ་འགན་སྲུང་བྱ་ཆེད། སློབ་གསོ་པུའུ་ཡིས་སྤྱི་ཟླ7པའི་ཚེས30ཉིན་ནས31ཉིན་བར་པེ་ཅིན་དུ་ཆེད་དོན་གྲོས་ཚོགས་འཚོགས་ཏེ། མཉམ་ཁྲིད་བུ་ཕྲུག་གཞན་ཡུལ་དུ་སློབ་རིམ་འཕར་བའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་དོན་འཁྱོལ་ཐུབ་པ་བྱས་པ་དང་། མཉམ་ཁྲིད་བུ་ཕྲུག་གི་འོས་འགན་སློབ་གསོ་དེ་རིམ་ཁག་སྲིད་གཞུང་གི་སློབ་གསོའི་གོང་འཕེལ་འཆར་འགོད་དང་། ནོར་སྲིད་འགན་སྲུང་སྲིད་ཇུས་ཁྱབ་ཁོངས་ནང་འཇུག་དགོས་པའི་བླང་བྱ་བཏོན་པ་དང་། ས་གནས་ཁག་གིས་ཆ་རྐྱེན་དང་མཚམས་པའི་མཉམ་འཁྲིད་བུ་ཕྲུག་འོས་འགན་སློབ་གསོ་མྱོང་ཟིན་རྗེས་གནས་སྤོས་བྱེད་སའི་ས་ཆར་དམའ་འབྲིང་གི་སློབ་ཐོན་ཡིག་རྒྱུགས་དང་། མཐོ་རིམ་སློབ་གྲྭའི་སློབ་ཐོན་ཡིག་རྒྱུགས་ནང་ཞུགས་པའི་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་དེ་དོན་འཁྱོལ་བྱས་ཏེ། རྒྱུགས་ལེན་སློབ་མས་རང་ཉིད་གནས་སྤོས་བྱེད་སའི་ས་ཆར་བདེ་བླག་ངང་སློབ་རིམ་འཕར་བའི་ཡིག་རྒྱུགས་ནང་ཞུགས་པ་དང་། སློབ་བསྡུའི་ནང་ཞུགས་ཐུབ་པ་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་ཡོད་པ་རེད། སློབ་གསོ་པུས་ད་དུང་གྲོང་གསེབ་ཀྱི་གཞིས་སྡོད་བྱིས་པའི་གཅེས་སྐྱོང་ཞབས་ཞུའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། ཕ་མ་གཉིས་ཕྱི་ཕྱོགས་སུ་ཡོང་འབབ་གསོག་པར་བསྐྱོད་པའི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་གཞིས་སྡོད་བྱིས་པ་བྱེ་བ་གཅིག་དང་དྲུག་འབུམ་ཉིས་ཁྲི་དགུ་སྟོང་བཞི་བརྒྱ་དེ་དག་མིག་སྔའི་གཙོ་གནད་ཀྱི་གཅེས་སྐྱོང་ཞབས་ཞུ་བྱེད་ཡུལ་དུ་བཞག་ཡོད་པ་རེད། སླད་ཕྱིན། སློབ་གསོ་པུས་གྲོང་གསེབ་ཀྱི་ཞག་སྡོད་ལམ་ལུགས་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་བཅོས་བྱས་ཏེ། དགོས་མཁོ་ཡོད་པའི་གཞིས་སྡོད་བྱིས་པ་ཡོངས་ཞག་སྡོད་ལམ་ལུགས་སློབ་གྲྭར་སློབ་ཞུགས་ཐུབ་པ་བྱ་རྒྱུ་ཡིན་པ་དང་། དེ་དང་ཆབས་ཅིག་གཙོ་གནད་ཐོག་སློབ་གྲྭར་བསྐྱོད་སྐབས་ཀྱི་འགྲིམ་འགྲུལ་བདེ་འཇགས་དང་། བཙན་གཡེམ་དང་ཆུ་ནང་དིམ་རྒྱུ་སྔོན་འགོག་བྱ་རྒྱུ། སེམས་ཁམས་བདེ་ཐང་གི་སློབ་གསོ། ཁྲིམས་ལུགས་སློབ་གསོ་སོགས་ཀྱི་ཆེད་དོན་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག