མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྡེ་ཁག་མང་པོས་མཉམ་འབྲེལ་གྱིས་ཁེ་ལས་ཆུང་གྲས་དང་ཆེས་གྲས་ཀྱི་མ་དངུལ་བསྡུ་རུབ་བྱེད་པའི་མ་གནས་དམའ་རུ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-03 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོ་རྒྱལ་ཁབ་ཀྱིས་ཁ་ཕྱོགས་གཏན་འཁེལ་སྒོ་ནས་གྲབས་གསོག་དངུལ་གྱི་ཚད་གཞི་ཐེངས་གཉིས་དམའ་རུ་བཏང་སྟེ། ཁེ་ལས་ཆུང་གྲས་དང་ཆེས་གྲས་ཀྱི་མ་དངུལ་བསྡུ་རུབ་བྱེད་ཁག་པའི་དཀའ་ངལ་ཞི་ལྷོད་དུ་བཏང་ཡོད། སྤྱི་ཟླ8པའི་ཚེས1ཉིན། ཚོང་ལས་དངུལ་ཁང་གི་ཞབས་ཞུའི་རིན་གོང་དོ་དམ་བྱ་ཐབས་ཞེས་པ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་དང་། དངུལ་ཁང་མང་པོས་རྣམ་གྲངས་མང་པོའི་རིན་པ་བསྡུ་རྒྱུ་ཆག་ཡང་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་དེས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་རུབ་བྱེད་པའི་མ་གནས་མཐོ་བའི་གནད་དོན་ཐག་གཅོད་བྱེད་རྒྱུར་འཕེལ་རིམ་གསར་པ་ཐོན་ཡོད། ཚོང་ལས་དངུལ་ཁང་གི་ཞབས་ཞུའི་རིན་གོང་དོ་དམ་བྱ་ཐབས་ཞེས་པའི་ནང་། ཞབས་ཞུ་བྱེད་ཡུལ་མང་ཆེ་བས་བེད་སྤྱོད་བྱེད་པ་དང་། རྒྱལ་དམངས་དཔལ་འབྱོར་དང་། མི་དམངས་ཀྱི་འཚོ་བ་དང་འབྲེལ་བ་ཆེན་པོ་ཡོད་པའི་དངུལ་ཁང་གི་རྨང་གཞིའི་ཞབས་ཞུའི་ཐད་སྲིད་གཞུང་གི་མཛུབ་འཁྲིད་རིན་གོང་ལག་བསྟར་བྱེད་པའམ་སྲིད་གཞུང་གིས་རིན་གོང་གཏན་འཁེལ་བྱེད་རྒྱུ་དང་། དངུལ་ཁང་གིས་རང་མཚམས་ཀྱིས་རིན་གོང་ལེགས་སྒྲིག་བྱས་མི་ཆོག་པ། མི་སྒེར་གྱི་རྩིས་ཐོའི་དོ་དམ་རིན་པ་དང་། ལོ་རེའི་རིན་པ། དེ་བཞིན་རྒན་གསོའི་དངུལ་ས་ཆ་གཞན་ནས་ལེན་པའི་འགྲོ་ལུགས་རིན་པ་སོགས་མི་སྒེར་དང་འབྲེལ་བ་ཡོད་པའི་ཞབས་ཞུའི་རིན་པ་སྤྱི་ཚེས་༡ཉིན་ནས་བཟུང་མེད་པ་བཟོ་རྒྱུ། དངུལ་ཁང་གིས་ཞབས་ཞུའི་རིན་པ་གསར་དུ་བསྣན་པའམ་རིན་གོང་ལེགས་སྒྲིག་བྱེད་དགོས་ཚེ། ངེས་པར་དུ་ཟླ་བ་གསུམ་སྔ་བསྣུར་དུ་སྤྱི་བསྒྲགས་བྱེད་དགོས་པ་བཅས་ཀྱི་གཏན་འབེབས་བྱས་ཡོད་པ་རེད།

བྱ་ཐབས་དེའི་ནང་གཏན་འབེབས་བྱས་པའི་རིན་པ་ཆག་ཡང་གཏོང་རྒྱུའི་རྣམ་གྲངས་ཕུད། བཟོ་ཚོང་དངུལ་ཁང་དང་། ཞིང་ལས་དངུལ་ཁང་། ཀྲུང་གོ་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་། སྦྲག་སྲིད་དངུལ་ཁང་སོགས་ཀྱིས་ད་དུང་སྤྱི་ཚེས་༡ཉིན་ནས་བཟུང་ཞབས་ཞུ་མང་པོའི་རིན་པ་མེད་པ་བཟོ་རྒྱུ་ཡིན་པ་རེད། དེའི་ནང་མ་དངུལ་བསྡུ་རུབ་བྱེད་པའི་ཞབས་ཞུའི་རིན་པ་དང་། དངུལ་བུན་གྱི་ཁས་ལེན་རིན་པ། ནོར་དོན་བློ་འདྲིའི་རིན་པ། མ་དངུལ་དོ་དམ་རིན་པ་སོགས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་འབྲེལ་བ་ཡོད་པའི་རིན་པ་བསྡུ་བའི་རྣམ་གྲངས་ཉི་ཤུ་ལྷག་ཚུད་ཡོད་པ་དང་། ཞིང་ལས་དངུལ་ཁང་གིས་ད་དུང་ཞིང་གསུམ་གྱི་དངུལ་འབོར་ཉུང་བའི་བཅོལ་དངུལ་གྱི་ཞབས་ཞུའི་རིན་པ་དང་། རྒྱུ་ཆའི་མ་གནས་ཀྱི་རིན་པ་མེད་པ་བཟོ་རྒྱུ་ཡིན་པ་རེད། དངུལ་ཁང་དེ་དག་གིས། རིན་པ་མེད་པ་བཟོ་བ་དང་ཆབས་ཅིག དེ་བསྟུན་གྱི་ཞབས་ཞུའི་སྤུས་ཚད་ཞན་དུ་མི་གཏོང་བར་རྒྱུན་གཏན་ལྟར་ཞབས་ཞུ་མཁོ་འདོན་བྱ་རྒྱུའི་ཁས་ལེན་བྱས་ཡོད། ཚོད་རྩིས་བརྒྱབ་པར་གཞིགས་ན། བཟོ་ཚོང་དངུལ་ཁང་དང་། ཞིང་ལས་དངུལ་ཁང་གཉིས་ཁོ་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ལོ་རེར་རིན་པ་ཁག་བསྡུ་རྒྱུའི་ཐད་ཀྱི་འགྲོ་སོང་དངུལ་སྒོར་དུང་ཕྱུར200ཡན་གྲོན་ཆུང་བྱེད་རོགས་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག