མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་རང་རྟེན་ཞིབ་བཟོ་བྱས་པའི་རླངས་འབུད་རྣམ་པའི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-01 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རང་རྒྱལ་གྱིས་རང་རྟེན་ཞིབ་བཟོ་བྱས་པའི་རླངས་འབུད་རྣམ་པའི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་C919འི་གནམ་གྲུའི་འཁོར་མགོ་སྤྱི་ཟླ7པའི་ཚེས31ཉིན་ཁྲེན་ཏུར་དངོས་སུ་ཐོན་སྐྱེད་བྱས་ཡོད། དེའི་ཐོག་ནས་ C919རྟགས་ཅན་གྱི་གནམ་གྲུ་ཨང་དང་པོའི་སྤྱིའི་སྒྲིག་སྦྱོར་ལས་དོན་དེ་སླར་ཡང་མདུན་ཕྱོགས་སུ་གོམ་གང་སྤོས་པ་མཚོན་ཡོད། C919རྟགས་ཅན་གྱི་གནམ་གྲུའི་སྤྱིའི་ཇུས་བཀོད་དབུ་ཆེན་འུ་ཀོང་ཧུའི་ཡིས། འཕུར་བསྐྱོད་ནུས་པ་མཐོར་འདེགས་གཏོང་ཆེད། C919རྟགས་ཅན་གྱི་གནམ་གྲུའི་འཁོར་མགོར་འཆར་བཀོད་གསར་པ་དང་། རྒྱུ་ཆ་གསར་པ་འབོར་ཆེན་བེད་སྤྱོད་བྱས་ཡོད་པས། ཆ་ཤས་དེ་ཡང་C919རྟགས་ཅན་གྱི་གནམ་གྲུའི་སྟེང་དཀའ་གནད་ཆེ་ཤོས་དེ་ཡང་ཡིན་ཞེས་གསུངས་པ་དང་། འུ་ཀོང་ཧུའི་ཡིས། C919རྟགས་ཅན་གྱི་གནམ་གྲུའི་འགུལ་མེད་ནུས་པའི་ཚོད་ལྟའི་ཇུས་བཀོད་དང་། ཚོད་ལྟའི་འཕུར་བསྐྱོད་ཀྱི་སྤྱིའི་ཇུས་བཀོད་ཀྱང་གཏན་འཁེལ་བྱས་ཟིན་པ་དང་། འབྲེལ་ཡོད་ལྷུ་ལག་གི་ཚོད་ལྟ་ཡང་བྱེད་འགོ་ཚུགས་ཟིན་ཡོད། འཆར་གཞི་བྱས་ན་ཚོད་འཕུར་གནམ་གྲུ་དང་པོ་དེ་ད་ལོའི་ལོ་སྨད་དུ་ཁྱོན་ཡོངས་ནས་སྒྲིག་སྦྱོར་བྱེད་འགོ་འཛུགས་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག