མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཨོ་མིན་ཀྲུང་ཧྭ་སྤྱིའི་ཚོང་ཚོགས་ཀྱི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-30 10:44

ཀྲང་ཏི་ཅང་གིས་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་མཱ་ཡུག་ལིས་ཚོགས་གཙོ་ཡིན་པའི་ཨོ་མིན་ཀྲུང་ཧྭ་སྤྱིའི་ཚོང་ཚོགས་ཀྱི་པེ་ཅིན་འཚམས་འདྲི་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་མཱ་ཡུག་ལིས་ཚོགས་གཙོ་ཡིན་པའི་ཨོ་མིན་ཀྲུང་ཧྭ་སྤྱིའི་ཚོང་ཚོགས་ཀྱི་པེ་ཅིན་འཚམས་འདྲི་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་།

ཀྲང་ཏི་ཅང་གིས་ཨོ་མིན་ཀྲུང་ཧྭ་སྤྱིའི་ཚོང་ཚོགས་ཀྱིས་ཨོ་མིན་བདེ་བླག་ངང་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་པ་དང་། ཨོ་མིན་གྱི་དར་རྒྱས་དང་བརྟན་འཇགས་སྲུང་སྐྱོབ་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་ཁས་ལེན་གང་ལེགས་མཛད། ཁོང་གིས་བསྟན་དོན། ད་ལོ་ནི་ཨོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར་བཅོ་ལྔ་ལོན་པའི་ལོ་རེད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་དེ་ཨོ་མིན་ནས་ལག་ལེན་བྱས་ཏེ་ལེགས་འགྲུབ་བྱུང་། ཨོ་མིན་ཀྲུང་ཧྭ་སྤྱིའི་ཚོང་ཚོགས་ཀྱིས་མུ་མཐུད་དུ་རྒྱལ་གཅེས་ཨོ་གཅེས་ཀྱི་སྲོལ་བཟང་དར་སྤེལ་བྱས་ནས། འགན་འཁྲིའི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་ལག་བསྟར་དངོས་འབེབས་བྱེད་པར་སྣེ་ཁྲིད་དེ། ཤུགས་ཆེན་པོས་ཨོ་མིན་སྲིད་འཛིན་དཔོན་རིགས་དང་དམིགས་བསལ་སྲིད་གཞུང་གིས་བཅའ་ཁྲིམས་ལྟར་སྲིད་ཇུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ་དང་། སྲིད་འཛིན་ས་ཁུལ་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་ཨོ་མིན་གྱི་དཔལ་འབྱོར་འོས་འཚམ་དང་སྣ་མང་ཅན་དུ་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་པ། མཐུན་སྒྲིལ་དམ་པོས་སྔར་ལས་རྒྱ་ཆེ་བའི་རྒྱལ་གཅེས་ཨོ་གཅེས་སྟོབས་ཤུགས་སྐྱེད་སྲིང་བྱེད་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་བྱེད་པའི་ཡང་དག་པའི་བགྲོད་ལམ་དུ་བསྐྱོད་དེ། ཨོ་མིན་ཡུན་རིང་དར་རྒྱས་བརྟན་འཇགས་ཡོང་བར་བྱས་རྗེས་གསར་བ་འཇོག་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག