མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་དུ་སྤྱི་ཚོགས་འགན་བཅོལ་ཁ་ཤོག་ཡོད་པའི་མི་གྲངས་དུང་ཕྱུར་༦ཡན་ཟིན་པ།

རྩོམ་པ་པོ། ཚེ་འཛིན་དབང་མོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-27 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་ཤེས་རྟོགས་བྱུང་བར། སྤྱི་ལོ་༢༠༡༤ལོའི་ཟླ་བ་༦པའི་ཟླ་མཇུག་བར་སླེབས་སྐབས། རྒྱལ་ཡོངས་སུ་སྤྱི་ཚོགས་འགན་སྲུང་གི་ཁ་ཤོག་ཡོད་པའི་མི་འབོར་དུང་ཕྱུར་༦དང་ས་ཡ་༢ཟིན་པ་དང་། དེའི་ནང་དངུལ་རྩའི་ནུས་པ་ལྡན་པའི་སྤྱི་ཚོགས་འགན་སྲུང་ཁ་ཤོག་དུང་ཕྱུར་བཞི་དང་བྱེ་བ་བཞི་ཡོད་པ་རེད། ན་ནིང་ཟླ་བ་༡༡པའི་ཟླ་མཇུག་བར་སླེབས་སྐབས། སྤྱི་ཚོགས་འགན་སྲུང་གི་ཁ་ཤོག་སྤྲད་པའི་མི་འབོར་དུང་ཕྱུར་༥ལས་བརྒལ་རྗེས། ཁ་ཤོག་སྤྲོད་ཚད་སླར་ཡང་དུང་ཕྱུར་གཅིག་ལས་བརྒལ་ཡོད་པ་རེད།

ཉེ་བའི་ལོ་ཤས་ནང་། ས་གནས་ཁག་གི་སྤྱི་ཚོགས་འགན་སྲུང་ཁ་ཤོག་གི་ལས་དོན་གོང་འཕེལ་མགྱོགས་པོ་བྱུང་བ་དང་། ཁ་ཤོག་སྤྲོད་ཡུལ་དེ་གྲོང་ཁྱེར་དང་གྲོང་བརྡལ་གྱི་ལས་བཟོ་པ་ནས། གྲོང་ཁྱེར་དང་གྲོང་བརྡལ་གྱི་གྲོང་མི་དང་། གྲོང་གསེབ་ཀྱི་གྲོང་མི་བར་རྒྱ་བསྐྱེད་བཏང་ཡོད་ཅིང་། ཞིང་ཆེན་སུམ་ཅུའི་ས་གནས་དང་གྲོང་ཁྱེར་༣༣༥ས་སྤྱི་ཚོགས་འགན་སྲུང་ཁ་ཤོག་སྤྲད་ཟིན་པ་དང་། ཞིང་ཆེན་༢༤ཡིས་རང་ས་ཁོངས་ཀྱི་ས་གནས་དང་གྲོང་ཁྱེར་ཡོངས་ལ་ཁ་ཤོག་སྤྲད་ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག