མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཙོ་ཁི་ཝེ་ཏོ་ཏོ་ཧིན་རྡུ་ཉི་ཞི་ཡའི་སྐབས་གསར་བའི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།

རྩོམ་པ་པོ། དཔའ་བརྟན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-26 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་གསུམ་ཉིན་ཙོ་ཁི་ཝེ་ཏོ་ཏོ་ལ་གློག་འཕྲིན་བཏང་ནས་ཁོ་རང་ཧིན་རྡུ་ཉི་ཞི་ཡའི་སྐབས་གསར་བའི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཁྱེད་ཀྱི་མགོ་ཁྲིད་འོག་ཏུ་ཧིན་རྡུ་ཉི་ཞི་ཡས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་རིགས་བསྐྱར་དར་གྱི་བགྲོད་ལམ་སྟེང་དུ་གྲུབ་འབྲས་སྔར་ལས་གསར་བ་ལོན་པར་ང་ལ་ཡིད་ཆེས་ཡོད་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ནི་ཨེ་ཤ་ཡའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་གཉིས་དང་ས་ཁུལ། རིམ་པ་མང་པོའི་ཐད་ཀྱི་ཐུན་མོང་གི་ཁེ་ཕན་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཧིན་རྡུ་ཉི་ཞི་ཡ་དེ་ཆེས་གལ་ཆེ་བའི་ཕྱི་ཕྱོགས་ཀྱི་འབྲེལ་བ་དང་བློ་གཏད་རུང་བའི་མཉམ་ལས་ཀྱི་གྲོགས་པོར་བརྩི་བཞིན་ཡོད། མིག་སྔར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་སླེབ་ཡོད་པ་དང་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཀྱི་གོ་སྐབས་རྒྱ་ཆེན་པོར་འཕྲད་ཡོད། བདག་གིས་ཙུང་ཐུང་ཁྱེད་དང་མཉམ་དུ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་གཏན་འཇགས་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག