ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གསེར་ལྡན་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་པ་དང་། པ་ཞི་དང་ཨ་ཀིན་ཐིན། ཝེ་ནེ་ཙུའེ་ལ། ཁུ་པ་བཅས་ལ་རྒྱལ་དོན་འཚམས་འདྲི་མཛད་པར་མ་ཟད། ཀྲུང་གོ་དང་ལ་ཏེན་མེ་གླིང་དང་ཅ་ལེ་པེ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་ལ་ཞུགས་རྗེས་ཚེས་ཉེར་ལྔའ་ཉིན་གྱི་ཉིན་གུང་ཕྱིར་པེ་ཅིན་དུ་ལོག
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཝང་ཧུའུ་ཉིན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ལིས་ཀྲན་ཧྲུའུ། རྒྱལ་སྲིད་ཨུ་ཡོན་ཡང་ཅེ་ཁྲི་སོགས་ཕེབས་རོགས་མི་སྣ་རྣམས་གནམ་གྲུ་གཅིག་ལ་བསྡད་ནས་ཕྱིར་ཐོན། །