མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཧྲན་ཏུང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-26 10:50

1.jpg

ཟླ༧པའི་ཚེས༢༤ཉིན་ནས་ཚེས༢༥ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧྲན་ཏུང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། འདི་ནི་ཟླ༧པའི་ཚེས༢༤ཉིན། ལིས་ཁི་ཆང་གིས་ཏི་ཀྲིག་གི་ཡོན་ཆའོ་སྡོད་ཁུལ་ནས་སྡོད་དམངས་དང་གསུང་གླེང་མཛད་པའི་ཚུལ་རེད།

2.jpg

འདི་ནི་ཟླ༧པའི་ཚེས༢༥ཉིན། ལིས་ཁི་ཆང་གིས་ཧྲན་ཏུང་ཞིང་ཆེན་འགྲིམ་འགྲུལ་ཐིན་གྱི་ཞབས་ཞུའི་སྒེའུ་ཁུང་ནས་བཅོས་སྒྱུར་གྱི་འཕེལ་རིམ་ལ་རྟོག་ཞིབ་མཛད་པའི་ཚུལ་རེད།

3.jpg

འདི་ནི་ཟླ༧པའི་ཚེས༢༤ཉིན། ལིས་ཁི་ཆང་གིས་ཏི་ཀྲིག་གི་ཅིན་ཅིན་ཀུང་ཟི་ནས་རྟོག་ཞིབ་མཛད་སྐབས་བཟོ་བ་དང་གསུང་གླེང་མཛད་པའི་ཚུལ་རེད།

4.jpg

འདི་ནི་ཟླ༧པའི་ཚེས༢༤ཉིན། ལིས་ཁི་ཆང་གིས་ཏི་ཀྲིག་ལིན་རྫོང་གི་བཙོག་ཆུ་གཙང་སེལ་གྱི་ཡུལ་དངོས་ནས་བཟོ་བར་གསུང་གླེང་མཛད་པའི་ཚུལ་རེད།

5.jpg

འདི་ནི་ཟླ༧པའི་ཚེས༢༤ཉིན། ལིས་ཁི་ཆང་གིས་ཏི་ཀྲིག་ལིན་རྫོང་གི་ཏི་ཆང་ཁྱིམ་གཞིས་ཞིང་རར་རྟོག་ཞིབ་མཛད་པའི་ཚུལ་རེད།

6.jpg

འདི་ནི་ཟླ༧པའི་ཚེས༢༥ཉིན། ལིས་ཁི་ཆང་གིས་ཅི་ནན་ལེང་ཁྲའོ་སྡེ་ཚོགས་སུ་རྟོག་ཞིབ་མཛད་པའི་ཚུལ་རེད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་ལྔ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧྲན་ཏུང་ཞིང་ཆེན་གྱི་ཏང་ཨུའུ་ཧྲུའུ་ཅི་ཅང་དབྱི་ཁང་དང་། ཧྲིན་ཀྲང་གོ་ཧྲུའུ་ཆིན་གཉིས་དང་མཉམ་དུ། ཅི་ནན་དང་ཏི་ཀྲིག་གི་བྱ་བར་རྟོག་ཞིབ་མཛད།

    ལིས་ཁི་ཆང་སྔ་གཞུག་ཏུ་ཧྲན་ཏུང་ཞིང་ཆེན་འགྲིམ་འགྲུལ་ཐིན་གྱི་ཞབས་ཞུའི་སྒེའུ་ཁུང་དང་ཅི་ནན་གྲོང་ཁྱེར་བཟོ་ཚོང་ཅུའུ་རུ་ཕེབས་ནས་བཅོས་སྒྱུར་གྱི་འཕེལ་རིམ་ལ་རྟོག་ཞིབ་མཛད། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་བྱེད་པ་དང་། མུ་མཐུད་དུ་སྲིད་བསྡུ་དབང་གཏོང་བྱས་ཏེ་ལས་བསྐྲུན་བྱེད་འདོད་པའི་མི་ཚང་མར་བཅོས་སྒྱུར་གྱི་ཁེ་ཕན་ལོངས་སུ་སྤྱོད་དུ་འཇུག་དགོས། དེ་དང་མཉམ་དུ་ལྟ་སྐུལ་དོ་དམ་འཐུས་ཚང་དུ་གཏོང་བ་དང་། འདྲ་མཉམ་གྱི་ཁོར་ཡུག་བསྐྲུན་ནས་ཁྲོམ་རར་གསོན་ཤུགས་རྒྱས་སུ་འཇུག་དགོས་ཞེས་གསུངས། ཁོང་གིས་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་བཀོལ་ནས། སྲིད་གཞུང་གི་དོ་དམ་ལ་མྱུར་ཞིང་འདང་ལ་ཡང་དག་པའི་ཆ་འཕྲིན་འདོན་སྤྲོད་བྱས་ཏེ། སྲིད་གཞུང་གི་ཞབས་ཞུ་དང་ལྟ་སྐུལ་དོ་དམ་སྔར་ལས་ཚད་ལྡན་དུ་གཏོང་དགོས་ཞེས་ནན་གྱིས་གསུངས།

    ཁོང་གིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ནི་མི་སྲོག་ཤིང་ཡིན་པའི་རྣམ་པ་གསར་བའི་གྲོང་རྡལ་ཅན་གྱི་གནད་ས་ཡིན་ལ། ལྷག་པར་དུ་རྫོང་རིམ་པའི་རྨང་གཞི་ཞན་པ་དང་དགོས་མཁོ་ཧ་ཅང་ཆེ་བས། སྲིད་གཞུང་གིས་དངུལ་གཏོང་གི་ཤུགས་ཚད་ཇེ་ཆེར་གཏོང་དགོས་པ་དང་། བཅོས་སྒྱུར་ལ་བརྟེན་ནས་དངུལ་བསྡུ་དངུལ་བསྲེས་ཀྱི་རྣམ་པ་གསར་སྐྲུན་བྱེད་པ་དང་། སྤྱི་ཚོགས་མ་དངུལ་ནང་འདྲེན་སྒོས་མྱུར་དུ་འཛུགས་སྐྲུན་བྱས་ཏེ་བུ་རབས་ཚ་རྒྱུད་ལ་ཕན་འདོགས་དགོས་ཞེས་གསུངས།

    ཏི་ཀྲིག་ཡོན་ཆའོ་སྡོད་ཁུལ་ནས། ལིས་ཁི་ཆང་གིས་གྲོང་ཁྱེར་པ་ལྟ་བུའི་འཚོ་བ་རོལ་རྒྱུ་ནི་རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་འདོད་བློ་ཡིན་པས། ཞིང་པའི་འདོད་བློ་ལ་བརྩི་བཀུར་དང་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་བཀུར། ཞིང་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བཅས་བྱས་ཏེ། རྣམ་པ་གསར་བའི་གྲོང་རྡལ་ཅན་གྱི་ལམ་དུ་གོམ་པ་རེ་རེ་སྤོ་དགོས་ལ། གྲོང་ཁྱེར་དུ་ཡོང་བའི་ཞིང་པའི་སྨན་བཅོས་དང་སྤྱི་ཚོགས་འགན་སྲུང་། སློབ་ཞུགས་སོགས་ཀྱི་ཆ་སྡེབས་ཞབས་ཞུ་འཐུས་ཚང་ཡིན་དགོས། གྲོང་ཁྱེར་དུ་ཡོང་བའི་མི་མང་ན་ཞིང་སྡེ་རུ་ཡོད་པའི་སྡོད་དམངས་ཀྱིས་ཀྱང་ས་ཞིང་སྔར་ལས་མང་བོ་བཀོལ་ཐུབ་པ་དང་ཡོང་སྒོ་སྔར་ལས་མང་བོ་བླངས་ཆོག་ཅེས་གསུངས།

    ལིས་ཁི་ཆང་གིས་དེང་རབས་ཞིང་ལས་འཕེལ་རྒྱས་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད། ཁོང་ཉིད་ལིན་རྫོང་གི་ཏི་ཆང་ཁྱིམ་གཞིས་ཞིང་རར་ཕེབས་ཏེ། ཞིང་ལས་འཕྲུལ་ཆས་ཅན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། ཞིང་ར་དེའི་གསར་སྐྲུན་བདག་གཉེར་བྱེད་ཐབས་ལ་ཁས་ལེན་གང་ལེགས་མཛད། ལིས་ཁི་ཆང་གིས་དེང་རབས་ཞིང་ལས་འཕེལ་རྒྱས་སུ་གཏོང་བར་སྦས་ཤུགས་ཚད་མེད་པ་ཡོད། རང་རྒྱལ་གྱི་ས་རྒྱ་ཆེ་བ་དང་ས་ཆ་སོ་སོའི་འཕེལ་རྒྱས་དོ་མི་མཉམ་པས། ཞིང་ལས་དེང་རབས་ཅན་སྤེལ་སྐབས་ས་བབ་དང་བསྟུན་ནས་འཚོལ་ཞིབ་མདུན་སྐྱོད་བྱེད་དགོས། གནད་འགག་ནི་ཞིང་པའི་འདོད་བློ་ལ་བརྩི་བཀུར་བྱེད་རྒྱུ་དེ་རྨང་གཞིར་བརྩི་བ་དང་། དེང་རབས་ཞིང་ལས་ལག་རྩལ་རྒྱབ་རྟེན་དུ་བྱེད་པ། ཁྲིམས་ལྟར་ཚད་ལྡན་དུ་གཏོང་རྒྱུ་འགན་སྲུང་དུ་བརྩི་བ་བཅས་བྱས་ཏེ། མཉམ་ལས་སྣ་མང་སྤེལ་ནས་གཞི་ཁྱོན་འོས་འཚམ་གྱིས་བདག་གཉེར་བྱེད་དགོས། སྲོལ་རྒྱུན་ཞིང་ལས་ཀྱི་རྣམ་པ་བསྒྱུར་ན་ཞིང་པར་ཁེ་ཕན་སྔར་ལས་ཆེན་པོ་ཐོབ་ཐུབ་པ་དང་། བདག་གཉེར་པ་དང་རྒྱལ་ཁབ་ལ་ཡང་ཁེ་ཕན་ཐོབ་ཐུབ། ཞིང་པའི་ཡོང་སྒོ་ཇེ་མང་དུ་སོང་ན་ཚང་མའི་འཚོ་བ་ཡང་རིམ་བཞིན་ཇེ་ལེགས་སུ་འགྲོ་ཐུབ་ཅེས་གསུངས།

    ལིས་ཁི་ཆང་གིས་ཧྲན་ཏུང་ཞིང་ཆེན་གྱིས་ཉེ་བའི་ལོ་འགའི་རིང་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་ཧྲན་ཏུང་ཞིང་ཆེན་གྱིས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་ཐད་ནས་མྱུར་ཚད་བརྟན་བརླིང་དུ་གཏོང་དགོས་པ་དང་རྒྱུ་སྤུས་མཐོར་འདེགས་སུ་གཏོང་དགོས་ལ། ཕན་འབྲས་དང་རིམ་པ་ཇེ་མཐོར་གཏོང་དགོས་པའི་ཐུགས་རེ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག