རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྤྱི་ཚོགས་རྩ་འཛུགས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་ཁྲོད་དུ་ནུས་པ་ཆེན་པོ་འདོན་པའི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྤྱི་ཚོགས་རྩ་འཛུགས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་ཁྲོད་དུ་ནུས་པ་ཆེན་པོ་འདོན་པའི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་།
བཞུགས་མོལ་ཚོགས་འདུའི་སྟེང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲིན་ཡན་དང་ཅི་ལིན། ཝང་མེན་སོགས་དང་ལིས་ཅོན་རོ་སོགས་ཆེད་མཁས་པ་དང་ཤེས་ཡོན་ཅན་རྣམས་ཀྱིས་གཏམ་བཤད། ཨུ་ཡོན་རྣམས་ཀྱིས་སྤྱི་ཚོགས་རྩ་འཛུགས་དང་ལྷག་པར་དུ་སྤྱི་ཕན་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་འཕེལ་རྒྱས་སུ་གཏོང་བའི་གནད་འགག་ནི་ཁྲིམས་འཛུགས་བྱ་བར་གཙིགས་འཛིན་དང་དབང་ཆ་དང་འགན་འཁྲི་གསལ་བོ་བྱས་ནས་སྒྲིག་སྲོལ་སྣ་ཚོགས་གཏན་འཁེལ་བྱེད་རྒྱུ་དེ་ཡིན། སྲིད་གཞུང་གིས་སྤྱི་ཚོགས་རྩ་འཛུགས་ལ་ཞབས་ཕྱི་བསྒྲུབ་པའི་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། ཞབས་ཕྱི་བསྒྲུབ་པའི་ཁྱབ་ཁོངས་དེ་མཁོ་སྒྲུབ་ཞབས་ཕྱི་ནས་རྒན་གསོ་དང་སྨན་བཅོས། ཞིབ་འཇུག་སོགས་སྤྱི་བའི་ཞབས་ཕྱིའི་ལས་གཞི་ལ་རྒྱ་བསྐྱེད་དགོས། སྤྱི་ཚོགས་རྩ་འཛུགས་ཀྱི་ཁྲལ་བསྡུའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དང་བླངས་མཁན་གྱི་ཞབས་ཕྱི་ལམ་ལུགས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ལ། ལས་རིགས་མཐུན་ཚོགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ་སྒྲིག་སྲོལ་ཕྱོགས་སུ་ལས་རིགས་མཐུན་ཚོགས་ཀྱི་འཕེལ་རྒྱས་དང་འབྲེལ་ནས་སྤྱི་ཚོགས་རྩ་འཛུགས་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པའི་གྲོས་གཞི་བཏོན། ཡུས་ཀྲིན་ཧྲིན་གྱིས་ཨུ་ཡོན་རྣམས་ཀྱི་གྲོས་གཞི་དང་བསམ་འཆར་ལ་ཉན་ཞོར་དུ་གསུངས་བཤད་གནང་བར་མ་ཟད་ཚང་མ་དང་མཉམ་དུ་གྲོས་བསྡུར་དང་བརྗེ་རེས་བྱས།
དམངས་སྲིད་པུའུ་ཡི་པུའུ་ཀྲང་ལིས་ལིས་གོ་ཡིས་རང་རྒྱལ་གྱི་སྤྱི་ཚོགས་རྩ་འཛུགས་བྱ་བའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཀྲུང་དབྱང་ལས་ཁུངས་སྒྲིག་ལུགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཀྲུང་དབྱང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་སྒྲུབ་ཁང་། ནོར་སྲིད་པུའུ་བཅས་ཀྱི་འགན་འཁུར་པ་ཚོགས་འདུར་ཞུགས་ནས་ཨུ་ཡོན་རྣམས་དང་མཉམ་དུ་གྲོས་བསྡུར་དང་བརྗེ་རེས་བྱས། །