མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཕེན་ཕེན་གྱིས་ཕུའུ་ཐོ་ཡའི་ཙུང་ཐུང་གི་འཐུས་ཚབ། ཙུང་ལི་གཞོན་པ་པོ་ཐ་སི་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-25 11:26

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཕེན་ཕེན་གྱིས་ཚེས་ཉེར་བཞི་ཉིན་ཕུའུ་ཐོ་ཡའི་ཐི་སེ་ལ་གླིང་ཕྲན་ནས་ཕུའུ་ཐོ་ཡའི་ཙུང་ཐུང་གི་འཐུས་ཚབ། ཙུང་ལི་གཞོན་པ་པོ་ཐ་སི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཕེན་ཕེན་གྱིས་ཚེས་ཉེར་བཞི་ཉིན་ཕུའུ་ཐོ་ཡའི་ཐི་སེ་ལ་གླིང་ཕྲན་ནས་ཕུའུ་ཐོ་ཡའི་ཙུང་ཐུང་གི་འཐུས་ཚབ། ཙུང་ལི་གཞོན་པ་པོ་ཐ་སི་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། སང་ལོ་ནི་རྒྱལ་ཁབ་གཉིས་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་དེ་གོ་སྐབས་སུ་བཟུང་སྟེ་དཔལ་འབྱོར་ཉོ་ཚོང་དང་ལག་རྩལ། དངུལ་གཏོང་། ཞིང་ཕྱུགས་ལས། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ཕུའུ་ཐོ་ཡའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕུའུ་ཐོ་ཡས་མུ་མཐུད་དུ་དཔལ་འབྱོར་བསྐྱར་དར་གྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་པར་རྟེན་འབྲེལ་ཞུ་བ་དང་སྔར་ལས་སྟོབས་ཤུགས་ཆེ་བའི་ཀྲུང་གོའི་ཁེ་ལས་མང་པོ་ཕུའུ་ཐོ་ཡ་ལ་སོང་ནས་མ་དངུལ་གཏོང་བར་སྐུལ་མ་གཏོང་ཞིང་། ཕུའུ་ཐོ་ཡ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་དང་མི་སྣའི་འགྲོ་འོང་ཐད་ལ་སྟབས་བདེ་གང་མང་བསྐྲུན་དགོས་ཟེར།

པོ་ཐ་སི་ཡིས་བཤད་རྒྱུར། ཕུའུ་ཐོ་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། ཆབ་སྲིད་ཀྱི་གྲོས་མོལ་ལ་ཤུགས་བསྣན་ནས་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར། པོ་ཐ་སི་ཡིས་ཕུའུ་ཐོ་ཡ་ཕྱོགས་ཀྱིས་རང་སྟེང་གི་ཁྱད་སྟོབས་བེད་སྤྱད་དེ་ཀྲུང་གོ་ཕྱོགས་དང་མཉམ་དུ་ལ་ཏེན་མེ་གླིང་དང་ཨ་ཧྥེ་རི་ཁའི་ལས་དོན་ཁྲོད་དུ་མཉམ་ལས་བཟང་བོ་བྱེད་འདོད་ཡོད་པའི་ཚུལ་བསྟན།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག