མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གྲོང་གསེབ་ལ་རྐང་པ་བཙུགས་པ་དང་། ཞིང་ཕན་ལ་ཞབས་འདེགས་ཞུ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-25 11:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ་ལོ་ཤས་རིང་། རྒྱལ་ཡོངས་འཛད་སྤྲོད་མཉམ་ལས་ཁང་མ་ལག་གིས་གྲོང་གསེབ་གསར་པ་འཛུགས་སྐྲུན་སོགས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། སྒྲིག་གཞི་བསྒྱུར་བཅོས་བྱེད་རྒྱུ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། ཞབས་ཞུའི་དྲ་བ་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་ནུས་པ་མང་དུ་བཏང་བ་བཅས་བྱས་ཏེ། ཕྱོགས་བསྡུས་རང་བཞིན་གྱི་ཞབས་ཞུའི་སྒྲིག་འཛུགས་ལ་གོང་འཕེལ་གཏོང་བའི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཡོད།

དུས་ཡུན་རིང་པོའི་ནང་། རྒྱལ་ནང་གྲོང་གསེབ་ཀྱི་ཚོང་ཟོག་འཁོར་རྒྱུག་དྲ་བ་འཛུགས་སྐྲུན་ཡག་པོ་བྱུང་མེད་པ་དང་། ཚོང་ཟོག་ཕྱོགས་གཉིས་ཁོར་རྒྱུག་བདེ་བླག་མེད་པས། ཞིང་ལས་ཐོན་རྫས་ཉོ་ཁག་པ་དང་བྲིན་ཚོང་བྱེད་ཁག་པའི་གནད་དོན་རེས་མོས་ཐོན་པ་དེར་སྤྱི་ཚོགས་ནས་དོ་ཁུར་བྱུང་ཡོད།

འཛད་སྤྲོད་མཉམ་ལས་སྤྱི་ཁྱབ་ཁང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་རིན་ལྦང་ཞ་ཡིས་འཛད་སྤྲོད་མཉམ་ལས་ཁང་མ་ལག་གིས་གནད་དོན་དེར་དམིགས་ཏེ། སྤྱི་ལོ2006ལོ་ནས་བཟུང་སྲོལ་རྒྱུན་ཚོང་གཉེར་དྲ་སྦྲེལ་ལ་བསྒྱུར་བཅོས་བྱེད་པའི་རྨང་གཞིའི་སྟེང་། གྲོང་གསེབ་གསར་པའི་དེང་རབས་འཁོར་རྒྱུག་ཚོང་གཉེར་ཞབས་ཞུའི་དྲ་བའི་ལས་གྲྭ་ལག་བསྟར་བྱེད་འགོ་ཚུགས་པ་དང་། དྲ་གཅིག་ཀུན་སྤྱོད་དང་། ཕྱོགས་གཉིས་འཁོར་རྒྱུག ཕྱོགས་བསྡུས་ཞབས་ཞུ་བཅས་ཀྱི་རྩ་དོན་ལ་གཞིགས་ཏེ། གཙོ་གནད་ཐོག་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་དང་། ཞིང་ཞོར་ཐོན་རྫས། རྒྱུན་མཁོའི་འཛད་སྤྱོད་དངོས་ཟོག སླར་སྐྱེས་ནུས་པའི་ཐོན་ཁུངས་ཚུར་བསྡུ་བེད་སྤྱོད་སོགས་ལ་གཞིགས་ཏེ་དྲ་སྦྲེལ་འཛུགས་སྐྲུན་བྱས་པས་ཞིང་ཕན་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་གསུངས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག