མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་བསྡུར་བཞུགས་མོལ་ཚོགས་འདུ་ཚོགས་པ་དང་ཡུས་ཀྲེང་ཧྲེང་གིས་གཙོ་སྐྱོང་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-25 11:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤྱི་ཚེས24ཉིན་གྱི་ཕྱི་དྲོ་པེ་ཅིན་དུ་གཟའ་འཁོར་གཉིས་ཀྱི་གྲོས་བསྡུར་བཞུགས་མོལ་ཚོགས་འདུ་ཚོགས་ནས། སྤྱི་ཚོགས་སྒྲིག་འཛུགས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་ནང་ཐོན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་འགའ་རེ་དང་རིག་གནས་པ་དང་རིགས་གཅིག་མཁས་པས་བཞུགས་མོལ་ཚོགས་འདུའི་ཐོག་གཏམ་བཤད་གནང་བ་རེད། ཨུ་ཡོན་རྣམས་ཀྱིས། སྤྱི་ཚོགས་སྒྲིག་འཛུགས་གོང་སྤེལ་དང་ལྷག་པར་དུ་སྤྱི་ཕན་རང་བཞིན་གྱི་སྤྱི་ཚོགས་སྒྲིག་འཛུགས་གོང་འཕེལ་གཏོང་བའི་འགག་རྩ་ནི། ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱབ་ནས། ཁེ་གཉེར་མི་བྱེད་པའི་སྒྲིག་འཛུགས་ཀྱི་མཚམས་ཐིག་གསལ་པོ་བཟོ་བ་དང་། དབང་ཆ་དང་འགན་འཁྲི་ཁ་གསལ་བཟོ་བ། སྒྲིག་སྲོལ་གཏན་འབེབ་བཅས་བྱ་རྒྱུ་དེ་ཡིན། སྲིད་གཞུང་ནས་སྤྱི་ཚོགས་སྒྲིག་འཛུགས་ས་ནས་ཞབས་ཞུ་ཉོ་བའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ཞབས་ཞུ་ཉོ་བའི་ཁྱབ་ཁོངས་དེ་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ་ནས་རྒན་གསོ་དང་། སྨན་བཅོས། ཞིབ་འཇུག་སོགས་ཀྱི་སྤྱི་ཕན་ཞབས་ཞུའི་རྣམ་གྲངས་བར་རྒྱ་ཆེ་རུ་གཏོང་དགོས་པ། སྤྱི་ཚོགས་སྒྲིག་འཛུགས་ཀྱི་ཁྲལ་བསྡུའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། དང་བླངས་ཞབས་ཞུ་ལམ་ལུགས་ཅན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ། ལས་རིགས་མཐུན་ཚོགས་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། ལམ་ལུགས་ཐོག་ནས་ལས་རིགས་མཐུན་ཚོགས་ཀྱི་གོང་འཕེལ་གྱི་བཀག་རྒྱ་ལྷུག་ཏུ་གཏོང་དགོས་པ། སྤྱི་ཚོགས་སྒྲིག་འཛུགས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་སོགས་ཀྱི་གྲོས་འགོ་བཏོན་ཡོད་པ་རེད། བཞུགས་མོལ་ཚོགས་འདུའི་ཐོག ཨུ་ཡོན་དང་རིགས་གཅིག་མཁས་པ་རྣམས་ཀྱིས་ཁ་ཞེ་གཉིས་མེད་ཀྱིས་ཐབས་དང་ཇུས་བཏོན་པ་དང་། ཡུས་ཀྲེང་ཧྲེང་གིས་བར་དུ་བཀའ་མོལ་གནང་ནས་ཚང་མ་དང་སྤེལ་རེས་གནང་ཡོད་པ་རེད། དམངས་སྲིད་པུའུ་ཡི་པུའུ་ཀྲང་ལིའི་རླིད་གོ་ཡིས་རང་རྒྱལ་གྱི་སྤྱི་ཚོགས་སྒྲིག་འཛུགས་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག