མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་ཧྭ་རྒྱལ་ཡོངས་མཁོ་སྤྲོད་མཉམ་ལས་སྤྱི་ཁྱབ་ཁང་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་དྲན་གསོ་ཞུ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-25 11:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་རྒྱལ་ཡོངས་མཁོ་སྤྲོད་མཉམ་ལས་སྤྱི་ཁྱབ་ཁང་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྗེས་དྲན་ཞུ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མཁོ་སྤྲོད་མཉམ་ལས་ཁང་མུ་མཐུད་དུ་བཟང་བོར་སྒྲུབ་པར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། མཁོ་སྤྲོད་མཉམ་ལས་ཁང་ནི་ཞིང་སྡེའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ད་ལོ་ནི་ཀྲུང་ཧྭ་རྒྱལ་ཡོངས་མཁོ་སྤྲོད་མཉམ་ལས་སྤྱི་ཁྱབ་ཁང་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་ལོ་རེད། ལོ་ངོ་དྲུག་ཅུའི་རིང་ལ། མཁོ་སྤྲོད་མཉམ་ལས་ཁང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ལ་དམ་པོར་དམིགས་ནས། ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ལ་ཡར་སྐུལ་དང་། ཚོང་རྫས་མཁོ་སྤྲོད་བྱ་བར་འགན་སྲུང་། མཁར་གྲོང་མང་ཚོགས་ལ་ཞབས་ཕྱི་བསྒྲུབས་པ་སོགས་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག མུ་མཐུད་དུ་མཁོ་སྤྲོད་མཉམ་ལས་ཁང་བཟང་བོར་སྒྲུབ་དགོས་ན། ཐུན་མོང་མ་ཡིན་པའི་ཁྱད་སྟོབས་དང་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མཁོ་སྤྲོད་མཉམ་ལས་ཁང་གི་བཅོས་སྒྱུར་འཕེལ་རྒྱས་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས། མཁོ་སྤྲོད་མཉམ་ལས་ཁང་གིས་བཅོས་སྒྱུར་ཟབ་སྤེལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་དགོས་མཁོ་དང་མཐུན་པའི་བྱ་བ་ཇེ་མགྱོགས་སུ་གཏོང་བ། མཁར་གྲོང་འཕེལ་རྒྱས་གཞི་གཅིག་ཅན་གྱི་དགོས་མཁོ་དང་མཐུན་པར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་ཞིང་ལས་དེང་རབས་ཅན་གྱི་དགོས་མཁོ་དང་མཐུན་པའི་རྩ་འཛུགས་མ་ལག་དང་ཞབས་ཞུའི་ནང་རྐྱེན་བཙུགས་ཏེ། ཧུར་ཐག་སྒོས་ཞིང་བའི་ཐོན་སྐྱེད་དང་འཚོ་བར་ཞབས་ཕྱི་སྒྲུབ་པའི་སྟོབས་ཤུགས་གསར་བ་དང་ཕྱོགས་བསྡུས་ཀྱི་རྣམ་པ་ཞིག་ཏུ་འགྱུར་བར་བྱེད་དགོས་པ་དང་། ཞིང་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཞིང་པ་ཕྱུག་པོར་བསྒྱུར་བ། མཁར་གྲོང་དར་རྒྱས་སུ་གཏོང་བ་བཅས་ལ་ཁོར་ཡུག་གསར་བ་ཞིག་གསར་གཏོད་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ་བསྟན་དོན། མཁོ་སྤྲོད་མཉམ་ལས་ཁང་གི་ལོ་རྒྱུས་རིང་ཞིང་། དྲ་ཁྱབ་རྒྱ་ཆེ་བས། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་ཏུ་ཞིང་བར་ཞབས་ཕྱི་སྒྲུབ་པར་རྨང་གཞི་ཟབ་མོ་དང་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་འདོན་སྤེལ་བྱེད་དགོས། མཁོ་སྤྲོད་མཉམ་ལས་ཁང་གིས་དེང་རབས་ཞིང་ལས་འཛུགས་སྐྲུན་བྱས་ནས། ཞིང་སྡེའི་དེང་རབས་འཁོར་རྒྱུགས་འཕེལ་རྒྱས་སུ་བཏང་ནས། ཞིང་བའི་ཐོན་སྐྱེད་དང་འཚོ་བར་ཞབས་ཕྱི་སྒྲུབ་པའི་ཁྲོད་དུ་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག