མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་མཁན་ལོ་ཨར་ཁ་སི་ཐི་ལོ་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-24 11:16

ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་མཁན་ལོ་ཨར་ཁ་སི་ཐི་ལོ་དང་གྲོས་མོལ་མཛད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་མཁན་ལོ་ཨར་ཁ་སི་ཐི་ལོ་དང་གྲོས་མོལ་མཛད།

    གྲོས་མོལ་མཛད་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ང་བཞི་འགོར་བའི་རིང་ལ། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཁུ་པའི་སྲོལ་རྒྱུན་མཛའ་བཤེས་ལ་ཧ་ཅང་གཅེས་སྤྲས་བྱས་ཏེ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་ཀྲུང་གོ་དང་ཁུ་པ་བར་གྱི་ཡུན་རིང་མཛའ་མཐུན་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོ་ཕྱོགས་ཀྱིས་གཏན་ལ་ཕབ་པའི་བྱེད་ཕྱོགས་ཡིན། ང་ཚོས་བློ་བརྟན་འགྱུར་མེད་སྒོས་སྲོལ་རྒྱུན་མཛའ་བཤེས་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་མ་ཟད་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲོགས་པོ་བཟང་བོ་བྱེད་པ་ཡིན་ཟེར།

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཁུ་པ་ཕྱོགས་དང་འབྲེལ་འདྲིས་དམ་པོ་བྱེད་པ་དང་ཏང་བར་གྱི་བརྗེ་རེས་ལ་ཤུགས་སྣོན་ཞིང་ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པར་མ་ཟད། རྒྱལ་སྐྱོང་སྲིད་འཛིན་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་རང་རང་གི་བཅོས་སྒྱུར་འཕེལ་རིམ་ཁྲོད་དུ་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

    ལོ་ཨར་ཁ་སི་ཐི་ལོ་ཡིས་བཤད་རྒྱུར། ཁུ་པ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ཡོངས་ཀྱི་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཕྱོགས་གཉིས་ཀྱི་ཉོ་ཚོང་ཆུ་ཚད་ཇེ་མཐོར་གཏོང་བ་དང་། གཏེར་རྫས་ཐོན་ལས་དང་ཞིང་ལས། སྐྱེ་དངོས་སྨན་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད། ཀྲུང་གོའི་ཁེ་ལས་ཁུ་པ་ལ་ཡོང་ནས་མ་དངུལ་གཏོང་བར་དགའ་བསུ་ཞུ་བ་དང་། ཕྱོགས་གཉིས་ཀྱིས་ཆེད་ལས་བྱ་བའི་ཚན་ཁག་བཙུགས་ནས་ལས་གཞི་གཙོ་བོ་ལག་བསྟར་བྱེད་པའི་གྲོས་གཞི་བཏོན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག