མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཐེ་ཝན་གྱི་གནམ་གྲུའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཡོངས་ལ་མྱ་ངན་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-24 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་བཞིའི་ཉིན་ལ་ཏེན་མེ་གླིང་ས་ཁུལ་དུ་འཚམས་འདྲི་བྱེད་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཐེ་ཝན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་ཆག་སྒོ་བྱུང་ནས་མི་སྣར་ཤི་རྨས་ཚབས་ཆེན་བྱུང་བའི་གནས་ཚུལ་གོ་མ་ཐག་གདུང་སེམས་ཆེན་པོ་སྐྱེས་པར་མ་ཟད། ཁོང་གིས་ཆེད་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་གཞུང་སྒྲུབ་ཁང་དང་ཐེ་ཝན་གྱི་འབྲེལ་ཡོད་སྡེ་ཁག་གིས་ཁོ་རང་ཉིད་དང་སྐམ་སའི་མི་དམངས་ཡོངས་ཀྱིས་ཐེངས་འདིའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་ཡོངས་ལ་སེམས་གཏིང་ནས་མྱ་ངན་དང་ཁོ་ཚོའི་ཁྱིམ་མི་ཡོངས་ལ་སྙིང་ཉེ་བའི་འཚམས་འདྲི་བྱེད་བཞིན་པ་བརྒྱུད་སྒྲོག་བྱེད་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག