མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-24 11:15

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་གསུམ་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། བྱེད་ཐབས་མང་པོ་སྤྱད་དེ་ཁེ་ལས་ཀྱི་དངུལ་གསོག་མ་རྩ་མཐོ་བའི་གནད་དོན་ཐག་གཅོད་པར་བཀོད་སྒྲིག་བྱས་པ་དང་། «ཁེ་ལས་ཀྱི་ཆ་འཕྲིན་ཁྱབ་སྒྲོག་གནས་སྐབས་ལག་བསྟར་སྲོལ་ཡིག་འཆར་ཟིན»ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད་འདྲ་མཉམ་འགྲན་རྩོད་ཀྱི་ཚོང་རའི་ཁོར་ཡུག་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་།

ཚོགས་ཐོག་ནས་བསྟན་དོན། དེང་སྐབས་རང་རྒྱལ་གྱི་དངུལ་ལོར་ཡིད་རྟོན་དངུལ་བུན་གྱི་སྤྱི་གྲངས་མང་ཡང་། ཁེ་ལས་དང་ལྷག་པར་དུ་ཁེ་ལས་ཆུང་བའི་དངུལ་གསོག་གི་མ་རྩ་ཅུང་མཐོ་བའི་གྲུབ་ཚུལ་རང་བཞིན་གྱི་གནད་དོན་སྔར་ལས་འབུར་ཐོན་ཡིན་པས། ཁེ་ལས་ཀྱི་ཁུར་བོ་ཇེ་ལྗིད་ལ་བཏང་བ་དང་ཆེ་ཕྱོགས་ཀྱི་ཚོད་འཛིན་དང་སྙོམས་སྒྲིག་གི་ཕན་འབྲས་ལ་ཤུགས་རྐྱེན་བཟོས་པར་མ་ཟད་དངུལ་ལོར་ཐད་ལ་ཉེན་ཁ་ཡང་བཟོས་ཡོད། གནད་དོན་དེ་ཐག་གཅོད་བཟང་བོ་བྱེད་དགོས་ན་གནས་གཏན་འཁེལ་གྱི་ཚོད་འཛིན་དང་སྙོམས་སྒྲིག་གི་རེ་བ་ལྟར། བྱེད་ཐབས་མང་པོ་སྤྱོད་པ་དང་རྩ་ལག་མཉམ་བཅོས་བྱས་ཏེ། གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་དང་སྙོམས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། དངུལ་ལོར་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་། དངུལ་ལོར་ཞབས་ཕྱི་དང་ལྟ་རྟོག་དོ་དམ་བྱ་བར་གཙིགས་འཛིན་བྱས་ནས། དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ལས་ཞུགས་རྒྱ་བསྐྱེད་པ་དང་དམངས་འཚོ་ལེགས་བཅོས་བྱེད་པར་དངུལ་ལོར་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

ཚོགས་ཐོག་ནས་འབྲེལ་ཡོད་ལས་ཁུངས་ཀྱིས་ལག་བསྟར་ཆ་ཚང་བྱེད་ཐབས་གཏན་འཁེལ་བྱས་ཏེ། དུས་བཅད་ལྟར་ལྟ་རྟོག་དང་ཞིབ་བཤེར་བྱེད་པ་དང་། ཕྱོགས་གསུམ་གྱི་དཔྱད་འཇོག་བྱ་བར་གཙིགས་འཛིན་བྱེད་དགོས་ལ། སྲིད་ཇུས་མྱུར་དུ་དངོས་འབེབས་བྱས་ནས་ཕན་འབྲས་ངོ་མ་ཐོབ་པ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས«ཁེ་ལས་ཀྱི་ཆ་འཕྲིན་ཁྱབ་སྒྲོག་གནས་སྐབས་ལག་བསྟར་སྲོལ་ཡིག་འཆར་ཟིན»ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག