མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གཞི་རིམ་ཁྲིམས་ཁང་དུ་དམངས་ཕན་མཉམ་འགུལ་སྒྲིག་གཞི་བཙུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-24 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཉེ་ཆར་བརྡ་ཐོ་བཏང་ནས། རྒྱལ་ཡོངས་ས་གནས་ཁག་གི་གཞི་རིམ་ཁྲིམས་ཁང་དུ་ཧྲའན་ཤི་ཞིང་ཆེན་ཧྥུ་རྫོང་མི་དམངས་ཁྲིམས་ཁང་གི་མང་ཚོགས་ནས་དོན་བརྗོད་ཅིང་ཁྲིམས་དཔོན་ནས་ཁྲིམས་བརྗོད་པའི་དམངས་ཕན་མཉམ་འགུལ་ལས་དོན་སྒྲིག་གཞི་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད།

ཧྥུ་རྫོང་ཁྲིམས་ཁང་གི་མང་ཚོགས་ནས་དོན་བརྗོད་ཅིང་ཁྲིམས་དཔོན་ནས་ཁྲིམས་བརྗོད་པའི་ཞིབ་ཕྲའི་བྱ་ཐབས་ནི། ས་གནས་དེ་གའི་གྲོང་ཚོ་དང་གྲོང་རྡལ་དེ་དག་ཏུ་མང་ཚོགས་ནས་དོན་བརྗོད་པའི་ལམ་ལུགས་ཁྱབ་གདལ་བཏང་ནས། འགལ་བ་དང་རྩོད་རྙོག་འཕྲད་སྐབས། མང་ཚོགས་ནས་དོན་དངོས་བརྗོད་པ་དང་གནས་ལུགས་ཤོད་དུ་བཅུག་ཐོག ཡོངས་བསྒྲགས་ཐོག་དཔྱད་གྲོས་བྱེད་པའི་བྱ་ཐབས་ཐོག་ནས་རྩོད་རྙོག་ཐག་གཅོད་བྱེད་པ་དང་། ཁྲིམས་ཁང་གིས་མང་ཚོགས་ནས་དོན་བརྗོད་པ་དེ་སྟེགས་བུ་ཞིག་ལ་བརྩིས་ནས། ཁྲིམས་དཔོན་གྱིས་ཁྲིམས་བརྗོད་པའི་བྱེད་སྒོ་སྤེལ་བ་དང་། གྲོང་ཚོ་རེ་ལ་ཁྲིམས་དཔོན་རེའི་ལས་དོན་སྒྲིག་གཞི་བཙུགས་པ་བརྒྱུད། གྲོང་ཚོའི་ཁྲིམས་དཔོན་གྱིས་མང་ཚོགས་ནས་བཤད་པའི་ཁྲིམས་ལུགས་གནད་དོན་ལ་གཞིགས་ནས། ཁྲིམས་ལུགས་སྒྲོག་འགྲེལ་ཚོགས་འདུའི་ཐོག་བརྗོད་པ་དང་། ཁྲིམས་ལུགས་འདྲི་རྩད་ངོ་ཐུག་སྐབས་བརྗོད་པ། འགུལ་སྐྱོད་མི་བདེ་བ་རྣམས་ལ་ཁྱིམ་ལ་ཕྱིན་ནས་བརྗོད་པ། གདོང་ཐུག་ནས་ཤོད་མི་བདེ་བ་དག་ཁ་པར་ཐོག་ནས་བརྗོད་པ། རྩོད་རྙོག་འདུམ་འགྲིག་བྱེད་སྐབས་ས་ཆ་དངོས་སུ་བརྗོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས། བཅའ་ཁྲིམས་ཀྱི་གཏན་འབེབས་བརྗོད་པ་དང་། ཁྲིམས་ལུགས་དྲིལ་སྒྲོག་བྱེད་པ། རྩོད་རྙོག་འདུམ་འགྲིག་ནང་ཞུགས་པ་བཅས་བྱས་ནས། དམིགས་ས་ཡོད་པའི་ཐོག་ནས་ས་གནས་དེ་གའི་མང་ཚོགས་ལ་ཁྲིམས་ལུགས་ཀྱི་ཞབས་ཞུ་སྒྲུབ་རྒྱུ་དེ་རེད།

བརྡ་ཐོའི་ནང་། ས་གནས་ཁག་གི་གཞི་རིམ་ཁྲིམས་ཁང་གིས་ས་གནས་དེ་གའི་དོན་དངོས་གནས་ཚུལ་ལ་གཞིགས་ནས། ཁྲིམས་དཔོན་གྱིས་མང་ཚོགས་ལ་འབྲེལ་བ་བྱེད་པ་དང་། ཞབས་ཞུ་སྒྲུབ་རྒྱུ་ཞིབ་ཚགས་པོ་ཡོང་བ་བྱ་དགོས་པ། ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་གཞི་རིམ་ལ་ཟབ་ཞུགས་དང་། མང་ཚོགས་ལ་ཁ་ཕྱོགས་ནས་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་བརྒྱབ་ནས། ཁྲིམས་ལུགས་ཤེས་བྱ་དྲིལ་བསྒྲགས་དང་། ཁྲིམས་ལུགས་སྙིང་སྟོབས་དར་སྤེལ་གཏོང་དགོས་པའི་བླང་བྱ་བཏོན་འདུག  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག