མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་དང་ཀྲུང་གོ་མི་དམངས་རྒྱུ་ནོར་མ་རྐང་ཚད་ཡོད་ཀུང་སིས་པེ་ཅིན་དུ་ཤེས་བྱའི་ཐོན་དབང་འགན་བཅོལ་འཐབ་ཇུས་ཀྱི་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-24 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ7པའི་ཚེས21ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་དང་ཀྲུང་གོ་མི་དམངས་རྒྱུ་ནོར་མ་རྐང་ཚད་ཡོད་ཀུང་སིས་ཤེས་བྱའི་ཐོན་དབང་འགན་བཅོལ་འཐབ་ཇུས་སྐོར་གྱི་མཉམ་ལས་ལ་མིང་རྟགས་འགོད་པའི་འཛད་སྒོ་པེ་ཅིན་དུ་གཉེར་ཡོད་པ་རེད།

རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་དང་ཀྲུང་གོ་མི་དམངས་རྒྱུ་ནོར་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སིས་ཤེས་བྱའི་ཐོན་དབང་གི་འཐབ་ཇུས་མཉམ་ལས་གྲོས་ཆོད་ལ་མིང་རྟགས་འགོད་པའི་དམིགས་ཡུལ་ནི་དོ་དམ་སྒྲིག་གཞི་ཇུས་འགོད་དང་འགན་བཅོལ་ཐོན་རྫས་གསར་གཏོད། ཞབས་ཞུའི་སྟེགས་བུ་འཛུགས་པ། ཆ་འཕྲིན་མཉམ་སྤྱོད་དང་སྤེལ་རེས། དགོས་མཁོར་བརྟག་ཞིབ་དང་ཞབས་ཞུའི་ཚོད་ལྟའི་ཁུལ་སོགས་ཀྱི་ཐད་མཉམ་ལས་བྱེད་པ་བརྒྱུད། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དགོས་མཁོ་དང་འཚམ་པའི་ཤེས་བྱའི་ཐོན་དབང་གི་འགན་བཅོལ་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱ་རྒྱུ་དང་། ཕྱོགས་གཉིས་པོས་རང་ངོས་ཀྱི་ཐོན་ཁུངས་དགེ་མཚན་འདོན་སྤེལ་བྱས་ནས། ཤེས་བྱའི་ཐོན་དབང་གི་འགན་བཅོལ་ཐོན་རྫས་དང་། ཞབས་ཞུ་དང་ལས་སྒོའི་མ་དཔེ་ཟམ་མི་ཆད་པར་ལེགས་སུ་གཏོང་རྒྱུ་དང་། ཤེས་བྱའི་ཐོན་དབང་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས། ཤེས་བྱའི་ཐོན་དབང་གི་ཉེན་ཁ་ནུས་ལྡན་སྒོ་ནས་མེད་པ་བཟོ་རྒྱུ་དང་ཁེ་ལས་ཀྱི་གསར་གཏོད་གོང་འཕེལ་གྱི་སེམས་འཕྲལ་མེད་པ་བཟོས་ནས། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་ཆེད་ལས་དང་ཁྱོན་ཡོངས་ཀྱི་འགན་བཅོལ་འགན་སྲུང་དང་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ2014ལོའི་ལོ་སྟོད་བར་སླེབས་དུས། ཆེད་ཁེའི་འགན་བཅོལ་ལག་བསྟར་དེ་རྒྱལ་ཡོངས་ཀྱི་ས་གནས་དང་གྲོང་ཁྱེར35ལ་ལས་སྒོ་བཙུགས་ཡོད་པ་དང་། རིམ་བརྩིས་བྱས་ན་ཆེད་ཁེའི་འགན་བཅོལ་ལག་བསྟར་གྱི་ཉེན་ཁའི་འགན་སྲུང་སྒོར་བྱེ་བ9དང་ས་ཡ5དང5ཁྲི་མཁོ་འདོན་བྱས་ནས། ཁེ་ལས744ཡི་ཆེད་ཁེར་ཉེན་ཁའི་འགན་སྲུང་དང་འགན་བཅོལ་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག