མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བརྟན་པོའི་ཁྲོད་ཡར་རྒྱས་ཕྱིན་པ་ལས་འཐབ་ཇུས་ཇུས་འགོད་ནུས་པ་མངོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-24 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་དཔལ་འབྱོར་རྙོག་འཛིང་ཆེ་ལ་འགྱུར་བ་མང་བའི་མདུན་དུ། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་དཔལ་འབྱོར་གྱི་གྲངས་གཞི་སླར་ཡང་བརྟན་པོའི་ཁྲོད་མཐོ་རུ་ཕྱིན་ཡོད་པ་སྟེ། དེ་ཡང་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་དུས་མཚུངས་ལས་བརྒྱ་ཆ་བདུན་དང་གྲངས་ཆུང་བཞི་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་ལས་ཀར་ཞུགས་པའི་མི་འབོར་ས་ཡ་བདུན་ཟིན་པ། གྲོང་མིའི་འཛད་སྤྱོད་རིན་གོང་དུས་མཚུངས་ལས་བརྒྱ་ཆ་གཉིས་དང་གྲངས་ཆུང་གསུམ་འཕར་ཡོད་པ་རེད།

འོ་ན་གྲུབ་འབྲས་དེ་འདྲ་ཐོབ་པའི་རྒྱུ་མཚན་ཅི་ཡིན་ཞེས་ན། དེ་ཡང་ཕྱོགས་གཅིག་ནས་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་གི་སྲིད་ཇུས་ཀྱི་ཕན་འབྲས་ཐོན་པའི་རྐྱེན་གྱིས་ཡིན། གང་དེ་གཅིག་ནས་དམ་འཛིན་ལྷོད་མེད་བྱས་པའི་བསྒྱུར་བཅོས་ཀྱི་འགག་གཏོར་ལས་ཐོན་པའི་ལམ་ལུགས་ཀྱི་ཕན་ཁེ་ལས་བྱུང་བ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གླེང་སྐབས། ང་ཚོའི་འཐབ་ཇུས་ཇུས་འགོད་ནུས་པ་དང་འཐབ་ཇུས་ལག་བསྟར་ནུས་པ་ཚང་མ་ཆེན་པོ་དགོས། ཆབས་ཅིག་དེ་གཉིས་ཟུང་འབྲེལ་ཡག་པོ་བྱ་དགོས་ཞེས་གསུངས་ཡོད། ད་ལོའི་ལོ་སྟོད་དུ་རང་རེས་བསམ་པའི་བྱ་དོན་ཧུར་ཐག་གིས་སྒྲུབ་པ་དང་། སྒྲུབ་པའི་བྱ་བ་འཐབ་ཇུས་ཀྱི་ཇུས་བཀོད་ལ་གཞིགས་ནས་སྒྲུབ་ཐུབ་ཡོད་ཅིང་། ཧུར་བརྩོན་ཆེན་པོས་འཕར་སྣོན་བརྟན་པོ་བྱས་པ་དང་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ཡོད་ལ། འབད་བརྩོན་ཆེན་པོས་གྲུབ་གཞི་ལེགས་སྒྲིག་དང་དམངས་ཀྱི་འཚོ་བར་ཕན་བཏགས་ཡོད།

ད་ལོ་བཟོ་ཚོང་ཐོ་འགོད་ལམ་ལུགས་ལ་བསྒྱུར་བཅོས་བྱས་རྗེས། སྤྱི་ཟླ་གསུམ་པ་ནས་ལྔ་པའི་བར་ཁེ་ལས་ཐོ་འགོད་བྱེད་མཁན་དུས་མཚུངས་ལས་བརྒྱ་ཆ་བདུན་བཅུ་དོན་བཞི་དང་གྲངས་ཆུང་ལྔ་འཕར་བ་དང་། གསར་འཕར་ཐོན་ལས་གསུམ་པའི་ཁེ་ལས་དུས་མཚུངས་ལས་བརྒྱ་ཆ་བདུན་བཅུ་དོན་བདུན་དང་གྲངས་ཆུང་བརྒྱ་མང་དུ་ཕྱིན་ནས། ཁྲོམ་རའི་གསོན་ཤུགས་ཇེ་ཆེར་ཕྱིན་ཡོད་ལ། དེས་ལས་ཞུགས་མི་འབོར་གསར་དུ་འཕར་ཚད་གྱི་ལོ་རེའི་འཆར་གཞིའི་བརྒྱ་ཆ་བདུན་བཅུ་ཡན་པ་ཟིན་པ་དེར་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།

ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ཁྲོད་ཡར་རྒྱས་ཕྱིན་པ་དེ་ལས་རང་ངོས་ཀྱི་ལྡེམ་ཤུགས་ཆེན་པོ་དང་། ལྐོག་ཤུགས་ཆེན་པོ། བསྐྱར་འཁོར་བྱ་གཞི་ཆེན་པོ་བཅས་མངོན་པ་དང་། དེའི་ཐོག་ནས་ཀྲུང་དབྱང་གིས་དཔལ་འབྱོར་དུས་བབ་ཐད་ཆོད་སྡོམ་བྱས་པ་དེ་ཡང་དག་པ་ར་སྤྲོད་བྱས་ཡོད། མི་འབོར་དུང་ཕྱུར་བཅུ་གསུམ་ཡོད་པའི་རྒྱལ་ཁབ་ཆེན་མོ་ཞིག་ཡིན་པའི་ཆ་ནས། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆ་ལྔ་བཅུ་ང་གསུམ་དང་གྲངས་ཆུང་བདུན་ལས་ཟིན་གྱི་མེད་པ་དང་། ཞབས་ཞུའི་ལས་རིགས་ཀྱིས་བརྒྱ་ཆ་བཞི་བཅུ་ཞེ་དྲུག་གཡས་གཡོན་ལས་མི་ཟིན་པས། ད་དུང་ལམ་ཐག་རིང་པོ་བསྐྱོད་དགོས་པ་དང་། དེ་ཡང་གོང་འཕེལ་གྱི་བར་ཁམས་ཆེན་པོ་ཞིག་རེད།

གོང་འཕེལ་ཕྱིན་ན་རང་སྟོབས་རྒྱས་པ་ཞིག་རེད། སྐྱོན་བྲལ་གྱི་སྒོ་ནས་འཕར་སྣོན་ཡོང་བ་བྱས་ནས། དཔལ་འབྱོར་བརྟན་པོའི་སྒོ་ནས་གོང་འཕེལ་འགྲོ་བ་བྱ་རྒྱུའི་ཐད། ང་ཚོར་ཡིད་ཆས་དང་། ཆ་རྐྱེན། ནུས་པ་བཅས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག