མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ས་གནས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་ཀློག་དེབ་དཔེ་སྐྲུན་བྱས་པ་གོ་སྐབས་ལ་བརྩིས་ཏེ། གསུང་བཤད་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་གཏིང་ཟབ་པའི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-24 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་ཀློག་དེབ་ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་རྗེས་ས་གནས་ཁག་གིས་བྱ་ཐབས་ནུས་ལྡན་བཟུང་ནས་སློབ་སྦྱོང་དང་བེད་སྤྱོད་ལས་དོན་ལ་དམ་འཛིན་ནན་ཏན་བྱས་པ་དང་། ཀློག་དེབ་དཔེ་སྐྲུན་བྱས་ནས་དུས་ཡུན་ཟླ་བ་གཅིག་ནང་དེབ་ས་ཡ་ལྔ་འགྲེམས་སྤེལ་བྱས་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུའི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

རིམ་ཁག་ཏང་ཨུད་ལྟེ་བའི་ཚོགས་ཆུང་གིས་ཀློག་དེབ་ལ་གཞིགས་ཏེ་ཆེད་དོན་སློབ་སྦྱོང་བྱས་པ་དང་། ཏང་གི་སློབ་གྲྭ་དང་། སྲིད་འཛིན་སློབ་གླིང་གིས་ཀློག་དེབ་དེ་ལས་བྱེད་པར་སྦྱོང་བརྡར་སྤྲོད་པའི་གལ་ཆེའི་བསླབ་གཞི་ཞིག་ཡིན་པའི་ངོས་ནས། ས་གནས་ཁག་གི་ཏང་ཨུད་འཆད་ཁྲིད་ཚོགས་པས་གཞི་རིམ་ལ་ཁ་ཕྱོགས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། མཐོ་རིམ་སློབ་གྲྭ་དང་སྤྱི་ཚོགས་ཚན་རིག་རིགས་གཞུང་ལས་རིགས་ཀྱིས་བཞུགས་མོལ་ཚོགས་འདུ་འཚོགས་པ། ཞིབ་བསྡུར་ཚོགས་འདུའི་ཐོག་སློབ་སྦྱོང་བྱས་པའི་མྱོང་ཚོར་ལྷུག་གླེང་བྱས་པ། རིམ་ཁག་དང་རིགས་ཁག་གི་གསར་འགྱུར་ལས་རིགས་ནས་ཀློག་དེབ་སློབ་སྦྱོང་བྱས་པའི་འཕེལ་རིམ་གྲུབ་འབྲས་དྲིལ་བསྒྲགས་ཧུར་ཐག་བྱས་ཤིང་། ས་ཆ་མང་པོ་ཞིག་གིས་ད་དུང་ཀློག་དེབ་དེ་སྡེ་ཁུལ་དང་། ཁེ་ལས། གྲོང་གསེབ། ལས་གཞི། སློབ་གྲྭ་བཅས་ལ་འབུལ་བའི་བྱེད་སྒོ་སྤེལ་ཡོད་པ་རེད།

ས་གནས་ཁག་གི་ཏང་ཡོན་ལས་བྱེད་པས་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་བྱ་རྒྱུ་དེ་གལ་ཆེའི་ཆབ་སྲིད་ལས་འགན་ཞིག་ལ་བརྩིས་ཏེ་དམ་འཛིན་ནན་པོ་དང་ཡག་པོ་བྱེད་དགོས་པ་དང་། ཀློག་དེབ་དེ་གལ་ཆེའི་བསླབ་གཞིར་བརྩིས་ཏེ། ཇི་མ་ཇི་བཞིན་གྱིས་སློབ་སྦྱོང་བྱེད་པ་དང་། ཁྱོན་ཡོངས་དང་ཆ་ཚང་བའི་སྒོ་ནས་སློབ་སྦྱོང་བྱེད་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་པ། གསུང་བཤད་ནང་གི་ལངས་ཕྱོགས་དང་ལྟ་བ། བྱ་ཐབས་བཅས་ལ་གོ་བ་ལེན་པ། གསུང་བཤད་ནང་མངོན་པའི་གུང་ཁྲན་ཏང་མིའི་དད་སེམས་དང་། འགན་འཁྲི། ཕུགས་རེ་བཅས་ལ་གོ་བ་བླངས་ཏེ། བསམ་བློ་དང་བྱ་སྤྱོད་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་སྔར་ལས་ལྷག་པ་བྱ་རྒྱུའི་རྣམ་པ་བསྟན་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག