མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཝེ་ནེ་ཙུའེ་ལའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཁ་ཝེ་ལོས་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-23 11:03

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་གཅིག་ཉིན་ཅ་ལ་ཅ་སི་གྲོང་ཁྱེར་ནས་ཝེ་ནེ་ཙུའེ་ལའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཁ་ཝེ་ལོས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་གཅིག་ཉིན་ཅ་ལ་ཅ་སི་གྲོང་ཁྱེར་ནས་ཝེ་ནེ་ཙུའེ་ལའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཁ་ཝེ་ལོས་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་དེང་སྐབས་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བས། ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་གཉིས་ཀྱིས་མ་འོངས་པར་ཁ་ཕྱོགས་ནས་མུ་མཐུད་དུ་མཛའ་མཐུན་མཉམ་ལས་རྒྱ་བསྐྱེད་དགོས་ཞེས་ནན་གྱིས་གསུངས། ཁོང་གིས་གསུངས་རྒྱུར། རྒྱལ་ཡོངས་དམངས་ཆེན་དང་ཝེ་ནེ་ཙུའེ་ལའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་བརྗེ་རེས་ནི་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཁྲིམས་འཛུགས་ལས་ཁུངས་དང་ཏང་བར་གྱི་འབྲེལ་འདྲིས་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། རྒྱལ་སྐྱོང་སྲིད་འཛིན་ཐད་ཀྱི་བརྗེ་རེས་ལ་ཤུགས་བསྣན་ནས་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཁ་ཝེ་ལོས་ཀྱིས་བཤད་རྒྱུར། ཝེ་ནེ་ཙུའེ་ལའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱིས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱེད་པ་དང་། ཧུར་ཐག་སྒོས་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ད་ཐེངས་འཚམས་འདྲི་མཛད་སྐབས་ཕྱོགས་གཉིས་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པར་མ་ཟད། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་ངེས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག