མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཁུ་པའི་གསར་བརྗེའི་གཙོ་འཛིན་ཧྥེ་ཏི་ཨར་ཁ་སི་ཐི་ལོ་ལ་བརྩེ་བའི་འཚམས་འདྲི་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-23 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་གཉིས་ཉིན་ཧ་ཝ་ནཱ་ནས་ཁུ་པའི་གསར་བརྗེ་གཙོ་འཛིན་ཧྥེ་ཏི་ཨར་ཁ་སི་ཐི་ལོ་ལ་བརྩེ་བའི་འཚམས་འདྲི་མཛད།

ཞི་ཅིན་ཕེན་ཧྥེ་ཏི་ཨར་ཁ་སི་ཐི་ལོའི་བཞུགས་ཤག་ཏུ་ཕེབས་ཏེ། ཀྲུང་གོ་དང་ཁུ་པའི་འབྲེལ་བ་དང་རྒྱལ་སྤྱིའི་གནས་བབ་སོགས་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་གསུང་གླེང་མཛད།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། བདག་གིས་ད་ཐེངས་ཁུ་པ་ལ་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་བློ་མཐུན་ཧྥེ་ཏི་ཨར་དང་ཀྲུང་གོའི་རྒན་རབས་མགོ་ཁྲིད་པས་མཉམ་དུ་བཙུགས་པའི་ཀྲུང་གོ་དང་ཁུ་པ་བར་གྱི་སྲོལ་རྒྱུན་མཛའ་བཤེས་རྒྱུན་འཛིན་དང་དར་སྤེལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བར་སྒུལ་ཤུགས་གསར་བ་རྒྱས་སུ་འཇུག་རྒྱུ་དེ་ཡིན་ཟེར། ཞི་ཅིན་ཕེན་གྱིས་ད་དུང་ད་ཐེངས་ལཱ་ཏེན་མེ་གླིང་ལ་འཚམས་འདྲི་བྱས་པར་མ་ཟད་གསེར་ལྡན་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་དང་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་མགོ་ཁྲིད་པའི་གྲོས་མོལ་ལ་ཞུགས་པའི་གནས་ཚུལ་མཚམས་སྦྱོར་མཛད།

ཧྥེ་ཏི་ཨར་ཁ་སི་ཐི་ལོ་ཡིས་ཐོག་མར་ཞི་ཅིན་ཕེན་ཁུ་པ་ལ་འཚམས་འདྲིར་ཕེབས་པར་བསུ་བ་བྱས། ཁོས་བཤད་རྒྱུར། ཀྲུང་གོ་ནི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་ལ་ནུས་པ་གལ་ཆེན་འདོན་ངེས་ཡིན། བདག་གིས་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ད་ཐེངས་ལཱ་ཏེན་མེ་གླིང་ལ་འཚམས་འདྲི་བྱེད་པར་ཧ་ཅང་ཡིད་འཇོག་བྱེད་ཀྱིན་ཡོད་པ་དང་། གསེར་ལྡན་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་གྲོས་མོལ་བྱས་ནས་གྲུབ་འབྲས་མངོན་གསལ་ཐོབ་པར་དགའ་སྤྲོ་སྐྱེས་བཞིན་ཡོད། ཐེངས་འདིའི་འཚམས་འདྲིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་བྱེད་པར་སྐུལ་འདེད་ཀྱི་ནུས་པ་འདོན་པ་དང་། རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་ལ་སྐུལ་འདེད་གཏོང་ངེས་ཡིན་ཟེར། ཧྥེ་ཏི་ཨར་ཁ་སི་ཐི་ལོ་ཡིས་ཀྲུའུ་ཞི་ཞི་ཅིན་ཕེན་གདན་དྲངས་ནས་ཞིང་བའི་གཞིས་ཁྱིམ་སོགས་ལ་གཟིགས་ཞིབ་གནང་།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག