མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་ཀྱི་སྤྱིའི་བང་སོར་མེ་ཏོག་གི་ཕྲེང་བ་ཕུལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-22 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས་ཉི་ཤུ་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལུའུ་ཡི་འགྲོ་རོགས་འོག ཝེ་ནེ་ཙུའེ་ལ་རྒྱལ་ཁབ་ཀྱི་སྤྱིའི་བང་སོར་མེ་ཏོག་གི་ཕྲང་བ་ཕུལ། ཉིན་དེའི་ཕྱི་དྲོར་ཞི་ཅིན་ཕེན་རྒྱལ་ཁབ་ཀྱི་སྤྱིའི་བང་སོར་ཕེབས་པ་དང་། གནས་དེའི་ཐང་ཆེན་དུ་ཝེ་ནེ་ཙུའེ་ལའི་མི་དམངས་མང་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་བཟུང་ནས་ཞི་ཅིན་ཕེན་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། དམག་དཔུང་རོལ་དབྱངས་རུ་ཁག་གིས་ཀྲུང་གོའི་རྒྱལ་གླུ་མཐོན་པོར་དཀྲོལ།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་ཚོམས་ཆེན་དུ་ཕེབས་པ་དང་། ཝེ་ནེ་ཙུའེ་ལའི་མི་རིགས་ཀྱི་དཔའ་བོ། མེ་གླེང་ལྷོ་མ་བཅིངས་འགྲོལ་གཏོང་མཁན་ཞི་མིན་པོ་ལིས་ཝ་ཨེར་གྱི་འབག་སྐུ་ཚོམས་ཆེན་ནང་བཞེངས་ཡོད། ཞི་ཅིན་ཕེན་གྱིས་དེར་མེ་ཏོག་གི་ཕྲེང་བ་ཕུལ་བ་དང་། ཞི་ཅིན་ཕེན་གྱིས་སྐུ་མགྲོན་གྱི་ཕྱག་བྲིས་གནང་སར“མི་རིགས་སྔོན་གཤེགས་དཔའ་བོའི་འོད་སྟོང་ནམ་ཡང་ཉམས་པ་མེད”ཅེས་བྲིས།

མཱ་ཏུའུ་ལོ་ཡིས་ཞི་ཅིན་ཕེན་ལ་རང་དབང་དང་བདག་དབང་སྒེར་ཚུགས་བཅས་མཚོན་པའི་པོ་ལིས་ཝ་ཨེར་རལ་གྲི་གནང་། ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། རལ་གྲི་དེས་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ཟབ་མོ་མཚོན་ཡོད། ང་ཚོས་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ལས་དོན་རྒྱུན་འཛིན་བྱ་དགོས་ཞེས་གསུངས།

ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ། དབྱང་ཅེ་ཁྲི་བཅས་གོང་གི་བྱ་འགུལ་དུ་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག