མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཝེ་ལེ་ཙུའེ་ལའི་སྲིད་གཞུང་གི་བཅིངས་འགྲོལ་མཁན་གྱི་རྟགས་མ་དང་ལེན་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-22 10:50

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ས་དེའི་དུས་ཚོད་ཚེས་ཉི་ཤུའི་ཉིན་ཅ་ལ་ཅ་སི་ནས་ཝེ་ལེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལའོ་ཡིས་ཝེ་ལེ་ཙུའེ་ལ་སྲིད་གཞུང་གི་ཚབ་བྱས་ཏེ་ཕུལ་བའི་བཅིངས་འགྲོལ་མཁན་གྱི་རྟགས་མ་དང་ལེན་མཛད། བཅིངས་འགྲོལ་མཁན་ཞེས་པའི་རྟགས་མ་ནི་ཝེ་ལེ་ཙུའེ་ལ་སྲིད་གཞུང་གིས་ཕྱི་རྒྱལ་གྱི་མགོ་ཁྲིད་པར་གནང་བའི་ཆེས་མཐོའི་གཟེངས་རྟགས་ཤིག་ཡིན། མཱ་ཏུའུ་ལོ་ཡིས་མཛད་སྒོའི་སྟེང་ཤིས་ཚིག་འབུལ་སྐབས་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་དང་གཉིས་ཕན་མཉམ་ལས་ལ་བསྟོད་བསྔགས་དང་། ཀྲུང་གོ་རྒྱལ་ཁབ་ཀྱིས་འཛམ་གླིང་གི་ཞི་བདེ་དང་དྲང་བདེན་ལ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་གལ་ཆེན་དེར་བསྟོད་བསྔགས་བྱས་པར་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕེན་ལ་བཅིངས་འགྲོལ་མཁན་གྱི་རྟགས་མ་གནང་དོན་ནི་ཁོང་གིས་ཀྲུང་གོ་དང་ཝེ་ལེ་ཙུའེ་ལའི་འབྲེལ་བར་སྐུལ་འདེད་བཏང་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་བྱེད་པའི་ཐད་ལ་ཕུལ་དུ་བྱུང་བའི་བྱས་རྗེས་བཞག་པར་བསྟོད་བསྔགས་བྱེད་པའི་ཆེད་དུ་ཡིན་ཟེར།

ཞི་ཅིན་ཕེན་གྱིས་ཤིས་ཚིག་འབུལ་སྐབས་བསྟན་དོན། ཙུང་ཐུང་མཱ་ཏུའུ་ལའོ་ཡིས་ཁོ་ལ་བཅངས་འགྲོལ་མཁན་གྱི་རྟགས་མ་གནང་བ་དེས་ཙུང་ཐུང་མཱ་ཏུའུ་ལའོ་དང་ཝེ་ལེ་ཙུའེ་ལ་སྲིད་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱས་པ་མཚོན་ཡོད་པར་མ་ཟད། ཝེ་ལེ་ཙུའེ་ལ་མི་དམངས་ཀྱིས་ཀྲུང་གོ་མི་དམངས་ལ་བཅངས་བའི་མཛའ་མཐུན་བརྩེ་སེམས་མཚོན་པར་བྱས་ཡོད་ཟེར།

མཛད་སྒོ་མཇུག་རྫོགས་རྗེས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་བསྟན་དོན། ང་དང་ཙུང་ཐུང་མཱ་ཏུའུ་ལའོ་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བའི་འཕེལ་རྒྱས་རྒྱུད་རིམ་ལ་ཕྱིར་དྲན་བྱས་པ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་འཆར་འགོད་དང་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་འཛུགས་པར་ཕྱོགས་གཉིས་ཀྱིས་མཉམ་དུ་གདམ་གསེས་བྱས་པ་དང་། དེ་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གཉིས་ཕན་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་གསོན་ཤུགས་གསར་བ་ཞིག་སྣོན་ཐུབ་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག