ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཡིག་ཚགས་ཅུད་ཀྱི་དྲ་ཚིགས་ཐོག་སྤྱི་ཚེས19ཉིན། ལྗར་པན་གྱི་དམག་འཁྲུག་ཉེས་བསགས་མི་སྣ་ཨང17པ་ཧྲེན་ཡེ་ཅོའུ་ཅིའི་ཡིག་ཐོག་ངོས་ལེན་བྱས་པ་དེ་ཁྱབ་བསྒྲགས་བྱས་ཡོད། ཁོ་པའི་ཡིག་ཐོག་ངོས་ལེན་ནང་། དུག་རླངས་སྤྱད་ནས་མི་སེར་བསད་མྱོང་ཡོད་པ་དང་། གཞན་ཡང་། མི177བསད་པ་དང་མི24ལ་བཙན་གཡེམ་བྱས་པ། མི24འཛིན་བཟུང་བཅས་བྱས་ཡོད་ཅེས་བསྟན་ཡོད་པ་རེད། །