མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཧྲང་ཧའེ་ནས་ཁུན་མེང་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲོའུ་ཧེའུ་དུམ་བུའི་དུམ་མཚམས་ཀྱི7.19འགྲིམ་འགྲུལ་དོན་རྐྱེན་ཁྲོད་མི43རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-21 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྲང་ཧའེ་ནས་ཁུན་མེང་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲོའུ་ཧེའུ་དུམ་བུའི་དུམ་མཚམས་སུ་སྤྱི་ཚེས19ཉིན་རླངས་འཁོར་རྒྱབ་ཀྱིས་རླངས་འཁོར་མདུན་ལ་བརྡུངས་པའི་དོན་རྐྱེན་ཐོན་ཡོད། འབར་སླ་བའི་དངོས་ཟོག་བླུགས་ཡོད་པའི་ཟོག་འདྲེན་རླངས་འཁོར་ཆུང་གྲས་ཅིག་དང་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་གཅིག་ཕན་ཚུན་རྡུངས་ཁ་བརྒྱབ་སྟེ། འབར་གས་དོན་རྐྱེན་ཐོན་པས། མི་སྣ་ཤི་རྨས་ཚབས་ཆེན་བཟོས་ཡོད་པ་རེད། དོན་རྐྱེན་ཐོན་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་དང་སྤྱི་བདེ་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་བཅས་སྡེ་ཁག་གསུམ་གྱིས། འཕྲལ་མར་མཉམ་འབྲེལ་ལས་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ། དོན་རྐྱེན་ཐོན་ཡུལ་དངོས་ལ་ཐག་གཅོད་ལས་དོན་མཛུབ་ཁྲིད་བྱེད་པར་བསྐྱོད་ཡོད་པ་རེད། མིག་སྔར་དོན་རྐྱེན་ནང་མི43རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་འགྲུལ་སྐྱེལ་རླངས་འཁོར་ཐོག་གི་མི41ཡོད་པ་རེད། མི་དྲུག་ལ་རྨས་སྐྱོན་ཕོག་ཡོད་པས། ས་གནས་དེ་གའི་སྨན་ཁང་དུ་སྐྱོབ་བཅོས་བྱེད་པར་སྐྱེལ་ཡོད་པ་དང་། དེའི་ནང་གི་རྨས་སྐྱོན་ཆུང་ཙམ་ཕོག་མཁན་གཉིས་ལུང་ཧུལ་རྫོང་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་ཀྱི་ཡོད་པས། ཚེ་སྲོག་ལ་ཉེན་ཁ་མེད་པ་རེད། གཞན་རྨས་སྐྱོན་ཚབས་ཆེ་ཙམ་ཕོག་མཁན་དེ་ཧྲོའུ་ཡང་གྲོང་ཁྱེར་ལྟེ་བའི་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱེལ་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག