མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མི་ཤུགས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་དུས་ཚིགས་གཉིས་པའི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མཁོ་སྤྲོད་དབྱེ་ཞིབ་བྱས་འབྲས་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-21 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་སྤྱི་ལོ༢༠༡༤ལོའི་དུས་ཚིགས་གཉིས་པའི་གྲོང་ཁྱེར་འགའ་ཤས་ཀྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ལས་ཁུངས་ཀྱི་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་གྱི་དབྱེ་ཞིབ་ཅེས་པ་སྤེལ་ཡོད་པ་རེད། དུས་ཚིགས་གཉིས་པར། རང་རྒྱལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་ཁྲོམ་རའི་མཁོ་སྤྲོད་སྤྱིའི་ཆ་ནས་དོ་སྙོམས་ཡིན་པ་རེད། ཡིན་ནའང་ལག་རྩལ་པ་དང་། མཐོ་རིམ་བཟོ་བསྐྲུན་དབུ་ཆེན་སོགས་མི་འདང་བའི་སྣང་ཚུལ་སྔར་བཞིན་མངོན་གསལ་དོད་པོ་ཡོད་པ་རེད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཞིབ་འཇུག་ལྟེ་གནས་ཀྱི་འགོ་འཛིན་ཀྲང་ཁྲེ་ཝི་ཡིས་ངལ་རྩོལ་ནུས་ཤུགས་ཀྱི་མཁོ་སྤྲོད་དོ་སྙོམས་པོ་མེད་པ་དང་། ལག་ཤེས་ཅན་གྱི་ངལ་རྩོལ་པ་ཚབ་ཆེན་མི་འདང་བ་དེ་ནི། རང་རྒྱལ་གྱི་ངལ་རྩོལ་ནུས་ཤུགས་ཁྲོམ་རའི་གནད་དོན་ཅིག་རེད་ཅེས་དང་། ཀྲང་ཁྲེ་ཝི་ཡིས་ངལ་རྩོལ་ནུས་ཤུགས་ཀྱི་ཁྲོམ་རའི་གྲུབ་གཞིའི་རང་བཞིན་གྱི་འགལ་བ་ཐག་གཅོད་བྱེད་པར། ཤེས་ལྡན་མི་སྣ་གསོ་སྐྱོང་ནས་འགོ་འཛུགས་དགོས་པ་དང་། ལག་ཤེས་ཆུ་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱབ་ནས། བཟོ་པ་དཀྱུས་མ་དེ་བས་མང་བ་ལག་ཤེས་ཡོད་པའི་ཤེས་ལྡན་པར་འགྱུར་བ་བྱ་དགོས་པའི་ངོས་འཛིན་གནང་འདུག  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག