མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཚོང་དོན་པུའུ་ཡིས་སྒོ་དབྱེའི་རང་བཞིན་གྱི་དཔལ་འབྱོར་སྒྲིག་གཞི་འཛུགས་མགྱོགས་སུ་བཏང་ནས་ཉོ་ཚོང་སྲིད་ཀྱི་ལུགས་མཐུན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བཤད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-21 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ནང་ཞུགས་ནས་ལོ་བཅུ་བཞི་འདས་རྗེས། རང་རྒྱལ་གྱིས་སླར་ཡང་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྒྲིག་སྲོལ་དང་མི་མཐུན་པའི་ཉོ་ཚོང་སྲིད་ཇུས་གཅིག་སྡུད་ཀྱིས་གཙང་སེལ་བྱ་རྒྱུ་རེད། ཚོང་དོན་པུའུ་ཡི་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་སེའི་འགན་འཁུར་བས་ཉེ་ཆར། སྒོ་དབྱེའི་རང་བཞིན་གྱི་དཔལ་འབྱོར་གྱི་སྒྲིག་གཞི་གསར་པ་གང་མགྱོགས་འཛུགས་པར། ཉོ་ཚོང་སྲིད་ཇུས་ལུགས་མཐུན་བཟོ་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་པའི་དགོས་པ་ཡོད། ཉོ་ཚོང་སྲིད་ཇུས་ལུགས་མཐུན་ཞེས་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་དང་། ས་གནས་རིམ་ཁག་མི་དམངས་སྲིད་གཞུང་། དེ་བཞིན་དེ་དག་གི་སྡེ་ཁག་ནས་བཟོས་པའི་ཉོ་ཚོང་སྲིད་ཇུས་དག་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྒྲིག་སྲོལ་དང་མཐུན་དགོས་པར་ཟེར་གྱི་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར་ཉོ་ཚོང་སྲིད་ཇུས་ལུགས་མཐུན་ལས་དོན་ཐད་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ་ཞེས་པ་བཀྲམས་པ་དང་། དེའི་ནང་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་ཁོངས་གཏོགས་ནས་བསམ་འཆར་བཏོན་པའི་ཉོ་ཚོང་སྲིད་ཇུས་ཀྱི་ཐད། ཚོང་དོན་པུའུ་ཡི་འབྲེལ་ཡོད་སྡེ་ཁག་གིས་ལུགས་མཐུན་ཅན་དུ་བསྒྱུར་བའི་ཡིག་ཐོག་་བསམ་འཆར་འདོན་པ་དང་། འདོན་རྩིས་བྱེད་པའི་ཉོ་ཚོང་སྲིད་ཇུས་ཡིན་ན་སྡེ་ཚན་ཁག་གིས་སྲིད་ཇུས་བཟོ་བའི་བརྒྱུད་རིམ་ནང་ལུགས་མཐུན་རང་བཞིན་གྱི་དཔྱད་དཔོག་བྱ་དགོས་པ་མ་ཟད། དངོས་སུ་སྤེལ་སྐབས་སྲིད་ཇུས་དེའི་མ་ཡིག་ཚོང་དོན་པུའུ་ལ་འབུལ་དགོས་ཀྱི་ཡོད། གལ་སྲིད་དགོས་མཁོ་ཡོད་ན། སྙན་ཞུ་འབུལ་བ་དང་རང་ངོས་ནས་ཁྱབ་བསྒྲགས་མ་བྱས་གོང་ཚོང་དོན་པུའུ་ཡི་བསམ་འཆར་ལ་ཉན་དགོས་ཀྱི་ཡོད་པ་རེད། ལེའུ་ཧྲུའུ་ཧྭ་ཡིས། ཚོང་དོན་པུའུ་ཡིས་ལག་བསྟར་བྱ་ཐབས་གང་མགྱོགས་སྤེལ་ནས་ཉོ་ཚོང་སྲིད་ཇུས་ལུགས་མཐུན་ཅན་ལ་བསྒྱུར་བའི་ལས་དོན་ཁྱོན་ཡོངས་ནས་སྒྲུབ་རྒྱུ་ཡིན་ཞེས་གསུངས་འདུག  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག