མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨ་ཀིན་ཐིན་གྱི་ཙུང་ཐུང་གཞོན་པ་ཞོར་དུ་གྲོས་ཞུགས་དཔོན་པོའི་འགན་འཁུར་མཁན་པུའུ་ཏུའུ་དང་དམངས་གྲོས་དཔོན་པོའི་འགན་འཁུར་མཁན་ཏོ་མེན་ཀི་སི་གཉིས་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-21 10:57

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་དགུ་ཉིན་པུའུ་ཡེ་ནོ་སི་ཨེ་ལིས་སི་ནས་ཨ་ཀིན་ཐིན་གྱི་ཙུང་ཐུང་གཞོན་པ་ཞོར་དུ་གྲོས་ཞུགས་དཔོན་པོའི་འགན་འཁུར་མཁན་པུའུ་ཏུའུ་དང་དམངས་གྲོས་དཔོན་པོའི་འགན་འཁུར་མཁན་ཏོ་མེན་ཀི་སི་གཉིས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་དགུ་ཉིན་པུའུ་ཡེ་ནོ་སི་ཨེ་ལིས་སི་ནས་ཨ་ཀིན་ཐིན་གྱི་ཙུང་ཐུང་གཞོན་པ་ཞོར་དུ་གྲོས་ཞུགས་དཔོན་པོའི་འགན་འཁུར་མཁན་པུའུ་ཏུའུ་དང་དམངས་གྲོས་དཔོན་པོའི་འགན་འཁུར་མཁན་ཏོ་མེན་ཀི་སི་གཉིས་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨ་ཀིན་ཐིན་གྱི་མཉམ་ལས་དེས་ཞི་བདེ་དང་འཕེལ་རྒྱས་ཀྱི་དུས་རབས་རླབས་རྒྱུན་དང་བསྟུན་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན། ཚེས་བཅོ་བརྒྱད་ཉིན་བདག་དང་ཙུང་ཐུང་ཁི་ལིས་སི་ཏེ་ན་གཉིས་ཀྱིས་གྲུབ་འབྲས་ལྡན་པའི་གྲོས་མོལ་བྱས་པ་དང་། ང་ཚོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས། བརྗེ་རེས་མཉམ་ལས་ཐད་ནས་ཐུན་མོང་གི་ལྟ་ཚུལ་གང་མང་འབྱུང་བར་ཤུགས་སྣོན་རྒྱུའི་ཐག་བཅད། དེང་སྐབས་ཀྲུང་གོ་དང་ཨ་ཀིན་ཐིན་གཉིས་ཀྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་རྐང་འཛུགས་ས་གསར་བར་གནས་ཡོད་པས། ཕྱོགས་གཉིས་ཀྱིས་ཕ་རོལ་བ་འཕེལ་རྒྱས་ཀྱི་གྲོགས་པོ་དང་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་ནས། གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་པ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

པུའུ་ཏུའུ་དང་ཏོ་མེན་ཀི་སི་གཉིས་ཀྱིས་བཤད་རྒྱུར། ཨ་ཀིན་ཐིན་གྱིས་ཀྲུང་གོའི་ཕུགས་འདུན་ལ་རྒྱབ་སྐྱོར་བྱེད་པ་དང་ཀྲུང་གོའི་འཕེལ་རྒྱས་དེ་འཛམ་གླིང་སྣ་མང་ཅན་དུ་བསྒྱུར་བར་ཕན་པ་ཡོད། ཨ་ཀིན་ཐིན་རྒྱལ་ཚོགས་དང་ཏང་ཁག་སོ་སོས་ཨ་ཀིན་ཐིན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་བརྗེ་རེས་ལ་ཤུགས་སྣོན་དང་མཉམ་ལས་ཇེ་མང་དང་མཛའ་བཤེས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག