མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨ་ཀིན་ཐིན་གྱི་སྤྱི་མཐུན་རྒྱལ་ཁབ་གཞིས་ཀར་གཟིགས་ཞིབ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-21 10:57

ཨ་ཀིན་ཐིན་ལ་རྒྱལ་དོན་འཚམས་འདྲི་མཛད་བཞིན་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ས་དེའི་ཚེས་བཅུ་དགུ་ཉིན་ཨ་ཀིན་ཐིན་གྱི་སྤྱི་མཐུན་རྒྱལ་ཁབ་གཞིས་ཀར་གཟིགས་ཞིབ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཀིན་ཐིན་ལ་རྒྱལ་དོན་འཚམས་འདྲི་མཛད་བཞིན་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ས་དེའི་ཚེས་བཅུ་དགུ་ཉིན་ཨ་ཀིན་ཐིན་གྱི་སྤྱི་མཐུན་རྒྱལ་ཁབ་གཞིས་ཀར་གཟིགས་ཞིབ་མཛད་དེ། ཨ་ཀིན་ཐིན་གྱི་ཞིང་ཕྱུགས་ལས་ལ་རྟོག་ཞིབ་མཛད་པ་དང་། ཨ་ཀིན་ཐིན་གྱི་རོང་འབྲོག་པའི་རིག་གནས་ཁྱད་ཆོས་ལ་རྒྱུས་ལོན་ཟབ་མོ་གནང་།

ཉིན་དེའི་ཉིན་གུང་ཞི་ཅིན་ཕེན་སོགས་ཨ་ཀིན་ཐིན་གྱི་དམངས་གྲོས་དཔོན་པོ་ཏོའོ་མེན་ཀི་སི་ཡི་འགྲོ་རོགས་འོག རླངས་འཁོར་ལ་བཞུགས་ཏེ་པུའུ་དབྱི་ནའོ་སི་ཨེ་ལིས་སི་དང་བར་ཐག་སྤྱི་ལེ་བདུན་ཅུ་ཡོད་སའི་སྤྱི་མཐུན་རྒྱལ་ཁབ་གཞིས་ཀར་ཕེབས།

གཞིས་ཀར་སླེབས་མ་ཐག ཞིང་རའི་བདག་པོ་མའོ་ནེ་ཐ་ཚང་གིས་སྤྲོ་སེམས་འཁོལ་བའི་ངང་ཁོ་ཚོར་སྣེ་ལེན་གཟབ་རྒྱས་བྱས། མའོ་ནེ་ཐ་ཡིས་ཞི་ཅིན་ཕེན་ལ་གཞིས་ཀ་ནས་ཕྱུགས་ལས་གཉེར་བ་དང་། རྟ་རྒྱུད་བཟང་པོ་དང་ནོར་རྒྱུད་བཟང་བོ་གསོ་སྤེལ་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས། ཞི་ཅིན་ཕེན་གྱིས་མཚམས་སྦྱོར་བྱས་པའི་གནས་ཚུལ་ལ་གསན་རྗེས་བསྟན་དོན། ཨ་ཀིན་ཐིན་ནི་ཞིང་ཕྱུགས་ལས་ཀྱི་རྒྱལ་ཁབ་ཆེན་པོ་ཡིན་པས། ཞིང་ལས་དེང་རབས་ཅན་གྱི་ཆུ་ཚད་དང་ཚན་རྩལ་ཆུ་ཚད་ཧ་ཅང་མཐོ། ཀྲུང་གོ་རྒྱལ་ཁབ་ཀྱང་ཞིང་ལས་ཀྱི་རྒྱལ་ཁབ་ཆེན་པོ་ཡིན་པས། ཀྲུང་གོ་རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་དགོས་ན། ཐོག་མར་ངེས་པར་དུ་མི་གྲངས་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་གྱི་ཁ་རྒྱབ་ཀྱི་གནད་དོན་ཐག་གཅོད་དགོས། ཀྲུང་གོས་ཞིང་ལས་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་ཀྱིན་ཡོད་ལ། རྒྱལ་ནང་གི་གནས་ཚུལ་ལ་རྐང་བཙུགས་ནས། འབྲུ་རིགས་རང་མཁོ་རང་སྤྲོད་བྱེད་པར་ཁག་ཐེག་བྱེད་དགོས་པའི་ཞོར་དུ། རྒྱལ་སྤྱིའི་ཚོང་ར་བེད་སྤྱད་དེ། རྒྱལ་སྤྱིའི་མཉམ་ལས་ལ་ཞུགས་ནས་ཞིང་ཞོར་ཐོན་རྫས་ཇེ་མང་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀིན་ཐིན་ཕྱོགས་དང་མཉམ་དུ་ཞིང་ལས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་བསྣན་ནས། ཞིང་ལས་ཐོན་རྫས་ཀྱི་ཉོ་ཚོང་བྱ་བ་རྒྱ་བསྐྱེད་འདོད་ཡོད་ཟེར།

གཞིས་ཀ་དང་ཁ་འབྲལ་སྐབས། ཞི་ཅིན་ཕེན་གྱིས་གསུངས་དོན། སྤྱི་མཐུན་རྒྱལ་ཁབ་གཞིས་ཀ་ནི་ཨ་ཀིན་ཐིན་གྱི་ཞིང་ཕྱུགས་ལས་དང་ཨ་ཀིན་ཐིན་གྱི་སྲོལ་རྒྱུན་ཞིང་སྡེའི་རིག་གནས་ཀྱི་བསྡུས་གཟུགས་རེད་ཟེར། གཟིགས་ཞིབ་གནང་ཚར་རྗེས། ང་རང་ཨ་ཀིན་ཐིན་ལ་རྒྱུས་ལོན་སྔར་ལས་ཆེན་པོ་ཡོད་སོང་། ངས་ཨ་ཀིན་ཐིན་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བརྩེ་སེམས་བཅངས་ནས། རྒྱལ་ཁབ་གཉིས་ཀྱི་ཞིང་ལས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་རྒྱུའི་རེ་བ་བྱེད་བཞིན་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག