མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས«ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ཁྲོད་དུ་ཕུགས་འདུན་འདུ་ཤེས་དང་བསམ་བློའི་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ»འགྲེམ་སྤེལ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-21 10:57

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས«ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ཁྲོད་དུ་ཕུགས་འདུན་འདུ་ཤེས་དང་བསམ་བློའི་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ»འགྲེམ་སྤེལ་བྱས་ཏེ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཕུགས་འདུན་འདུ་ཤེས་དང་བསམ་བློའི་ཀུན་སྤྱོད་སློབ་གསོར་ཤུགས་བསྣན་ཏེ། ལས་བྱེད་པར་དུས་དང་རྣམ་པ་ཀུན་ཏུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་འདུན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་ཆགས་པར་སྣེ་ཁྲིད་དང་རོགས་རམ་བྱས་ནས། གུང་ཁྲན་ཏང་མིའི་བསམ་བློའི་གཞིས་ཁྱིམ་བརྟན་སྲུང་བྱེད་དགོས་པའི་རེ་བ་བཏོན།

«བརྡ་ཐོའི»ནང་དུ་རིམ་པ་སོ་སོའི་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་། ལས་བྱེད་པའི་སློབ་གླིང་བཅས་ཀྱིས་ཕུགས་འདུན་འདུ་ཤེས་དང་བསམ་བློའི་ཀུན་སྤྱོད་སློབ་གསོ་དེ་སློབ་གྲྭའི་ངེས་པར་དུ་སྦྱོང་བའི་སློབ་ཚན་དུ་འཇོག་དགོས་པ་དང་། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་ཁུངས་གཞན་དག་གིས་ཀྱང་བལྟས་བཅོས་སྒོས་བཀོད་སྒྲིག་བྱེད་དགོས་པར་མ་ཟད། ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ་སློབ་གསོའི་གསོ་སྦྱོང་ནུས་པ་ཇེ་ཆེར་གཏོང་དགོས་པའི་རེ་བ་བཏོན་ཡོད།

«བརྡ་ཐོའི»ནང་དུ་ད་དུང་ཕུགས་འདུན་འདུ་ཤེས་དང་བསམ་བློའི་ཀུན་སྤྱོད་སློབ་གསོའི་ནུས་པ་འཛུགས་སྐྲུན་དང་ཕན་ནུས་ལྡན་པའི་ནང་རྐྱེན་སོགས་ཀྱི་ཐད་ལ་རེ་བ་བཏོན་ཡོད།   ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག