མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་དང་ཨ་ཀིན་ཐིན་གྱི་ཙུང་ཐུང་ཁི་ལིས་སི་ཏེ་ན་རྣམ་གཉིས་ཀྱིས་གྲོས་མོལ་མཛད།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-20 10:53

习近平同阿根廷总统克里斯蒂娜举行会谈.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཨ་ཀིན་ཐིན་གྱི་ཙུང་ཐུང་ཁི་ལིས་སི་ཏེ་ན་རྣམ་གཉིས་ཀྱིས་ཚེས་བཅོ་བརྒྱད་ཉིན་གྲོས་མོལ་མཛད་དེ་ཀྲུང་གོ་དང་ཨ་ཀིན་ཐིན་བར་གྱི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཨ་ཀིན་ཐིན་གྱི་ཙུང་ཐུང་ཁི་ལིས་སི་ཏེ་ན་རྣམ་གཉིས་ཀྱིས་ཚེས་བཅོ་བརྒྱད་ཉིན་གྲོས་མོལ་མཛད་དེ་ཀྲུང་གོ་དང་ཨ་ཀིན་ཐིན་བར་གྱི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

    གྲོས་མོལ་མཛད་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དེང་སྐབས་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སྔར་བཞིན་དུ་སྙོམས་སྒྲིག་ཆེན་པོའི་ཁྲོད་དུ་གནས་ཡོད། ཀྲུང་གོ་དང་ཨ་ཀིན་ཐིན་གཉིས་ནི་གསར་དར་ཚོང་རའི་རྒྱལ་ཁབ་ཡིན་པ་དང་འཕེལ་རྒྱས་ཀྱི་དུས་སྐབས་གལ་ཆེན་དུ་གནས་ཡོད་པས། སྐྱིད་སྡུག་མཉམ་མྱོང་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་མཉམ་དུ་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་ནས། མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས། ང་ཚོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སུ་གཏོང་བ་དང་། མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཨ་ཀིན་ཐིན་བར་གྱི་འབྲེལ་བ་དེ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་ཐག་བཅད་པ་ཡིན་ཟེར།

    ཁི་ལིས་སི་ཏེ་ན་ཡིས་བཤད་རྒྱུར། ཨ་ཀིན་ཐིན་དང་ཀྲུང་གོ་གཉིས་ནི་གསར་དར་ཚོང་རའི་རྒྱལ་ཁབ་ཡིན་པ་དང་གནད་དོན་གང་མང་ཐད་ནས་ལྟ་ཚུལ་གཅིག་མཚུངས་ཡིན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཐབ་ཇུས་རང་བཞིན་དང་འཛམ་གླིང་རང་བཞིན་ལྡན་ལ། ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པ་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པར་མ་ཟད། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་ཕན་པ་ཡོད། ཨ་ཀིན་ཐིན་གྱིས་ཀྲུང་གོའི་འཕེལ་རྒྱས་ལ་ཡིད་སྨོན་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུང་གོའི་ཕུན་སུམ་ཚོགས་པའི་ཉམས་མྱོང་དཔྱད་གཞིར་བཟུང་ནས་ཀྲུང་གོ་དང་མཉམ་དུ་ཕྱོགས་ཡོངས་ཀྱི་མཉམ་ལས་ཀྱི་གྲོགས་པོ་བཟང་བོ་བྱེད་འདོད་ཡོད་ཟེར།

    རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ད་དུང་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། བདག་གིས་ད་ཐེངས་ཨ་ཀིན་ཐིན་ལ་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་ཕྱོགས་གཉིས་བར་གྱི་མཛའ་བཤེས་ཇེ་ཟབ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། མཉམ་ལས་རྒྱ་བསྐྱེད་ཅིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག