མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཐད་ནས་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-20 10:52

李克强主持召开经济形势专家座谈会.jpg

ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ཐད་ནས་ཆེད་ལས་མཁས་པ་དང་ཤེས་ཡོན་ཅན་རྣམས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ཐད་ནས་ཆེད་ལས་མཁས་པ་དང་ཤེས་ཡོན་ཅན་རྣམས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་བཞུགས་མོལ་ཚོགས་འདུར་ཞུགས།

    བཞུགས་མོལ་ཚོགས་འདུའི་སྟེང་མཐོ་རིམ་སློབ་ཆེན་དང་ཞིབ་འཇུག་ལས་ཁུངས། སློབ་ཚོགས་བཅས་ནས་ཡོང་བའི་ཆེད་ལས་མཁས་པ་དང་ཤེས་ཡོན་ཅན་རྣམས་ཀྱིས་ཆེ་ཕྱོགས་ཀྱི་དཔལ་འབྱོར་དང་དངུལ་ལོར། སྒྲིག་སྲོལ་བཅོས་སྒྱུར། དམངས་གཉེར་དཔལ་འབྱོར་སོགས་ཀྱི་ཐད་ནས་རང་རང་གི་ལྟ་ཚུལ་བརྗོད། ལིས་ཁི་ཆང་གིས་ཚང་མའི་བསམ་འཆར་དང་གྲོས་གཞི་ལ་ཉན་རྗེས་གསུངས་རྒྱུར། ཁྱབ་སྟོང་གི་ཚོད་འཛིན་སྙོམས་སྒྲིག་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་སྟེང་དུ་ཁ་ཕྱོགས་གཏན་འཁེལ་གྱི་ཚོད་འཛིན་སྙོམས་སྒྲིག་ལག་བསྟར་བྱེད་པར་ཡིད་འཇོག་ཆེན་པོ་བྱེད་དགོས། གཅིག ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་སྐྲུན་ནུས་ཤུགས་ཇེ་ཆེར་གཏོང་དགོས། གཉིས། སྤྱི་བའི་ཐོན་རྫས་ནུས་ལྡན་སྒོས་འདོན་སྤྲོད་བྱེད་པར་ཤུགས་སྣོན་དགོས། གསུམ། དངོས་ཕུང་དཔལ་འབྱོར་སྟོབས་ལྡན་དུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས་ཟེར།

    ལིས་ཁི་ཆང་གིས་གསུངས་རྒྱུར། གསར་སྐྲུན་ལ་བརྟེན་ནས་ཀྲུང་གོའི་དཔལ་འབྱོར་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ལ། གསར་སྐྲུན་ནི་ཚན་རྩལ་གསར་སྐྲུན་ཡིན་པ་དང་སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་ཡང་ཡིན། བཅོས་སྒྱུར་ཟབ་སྤེལ་དང་སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་བྱས་པ་བརྒྱུད་ནས་དཔལ་འབྱོར་བརྟན་བརླིང་སྒོས་འཕར་བར་སྐུལ་འདེད་གཏོང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག