མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧ་ལིས་མུའུ་དང་ཡ་ལིས་ཧྲན་ཏ་གཉིས་ལ་གློག་འཕྲིན་བཏང་ནས་མཱ་ལེ་ཞི་ཡའི་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-07-20 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མཱ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཐད་ནས་མཱ་ལེ་ཞི་ཡའི་ཆེས་མཐོའི་གཙོ་འཛིན་ཧ་ལིས་མུའུ་དང་ཧི་ལན་གྱི་རྒྱལ་བོ་ཝེ་ལེན་ཡ་ལིས་ཧྲན་ཏ་གཉིས་ལ་གློག་འཕྲིན་བཏང་ནས་འཚམས་འདྲི་ཞུས།

ཞི་ཅིན་ཕེན་གྱིས་ཧ་ལིས་མུའུ་ལ་བཏང་བའི་འཚམས་འདྲིའི་གློག་འཕྲིན་ནང་བསྟན་དོན། མཱ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་ཟིའི༹MHགཅིག་བདུན་རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་ཐང་ལ་ལྷུང་བའི་གནས་ཚུལ་ཤེས་རྗེས། ང་ཚོས་དོན་རྐྱེན་དེར་སེམས་ཁུར་བྱེད་བཞིན་ཡོད། བདག་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ནས་ཁྱེད་རྒྱལ་ཁབ་ནས་བྱུང་བའི་དོན་རྐྱེན་དེར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་དང་། གནམ་གྲུའི་སྟེང་ཚེ་ལས་འདས་པ་རྣམས་ལ་ཡིད་སྐྱོ་བའི་ངང་མྱ་ངན་ཞུས་པ་ཡིན་ཟེར།

ཞི་ཅིན་ཕེན་གྱིས་ཝེ་ལེན་ཡ་ལིས་ཧྲན་ཏ་ལ་བཏང་བའི་འཚམས་འདྲིའི་གློག་འཕྲིན་ནང་བསྟན་དོན། མཱ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་ཟིའིMHགཅིག་བདུན་རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་ཐང་ལ་ལྷུང་སྟེ་ཁྱེད་རྒྱལ་ཁབ་ཀྱི་གནམ་གྲུའི་སྟེང་གི་མགྲོན་པོ་སྟབས་མ་ལེགས་པར་ཚེ་ལས་འདས་པ་རེད། ང་ཚོས་ཀྱང་ཁྱེད་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མི་དམངས་དང་མཉམ་དུ་དོན་རྐྱེན་དེར་སེམས་ཁུར་བྱེད་བཞིན་ཡོད། བདག་གིས་ཁྱེད་ལ་བདག་དང་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ནས་སེམས་གཏིང་ནས་འཚམས་འདྲི་ཞུས་པ་མ་ཟད། དོན་རྐྱེན་དེའི་ཐད་ནས་རྐྱེན་ལམ་དུ་ཤོར་བའི་འདས་པོ་རྣམས་ལ་མྱ་ངན་ཞུས་པ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག