ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་དགུ་ཉིན་མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་ཟིའིMHགཅིག་བདུན་རྟགས་ཅན་གྱི་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཐད་ནས་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་དང་ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་གཉིས་ཀར་འཚམས་འདྲིའི་གློག་འཕྲིན་བཏང་། ན་ཅི་པུའུ་ལ་བཏང་བའི་འཚམས་འདྲིའི་གློག་འཕྲིན་ནང་དུ་ལིས་ཁི་ཆང་གིས་གསུངས་རྒྱུར། མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་ཟིའིMHགཅིག་བདུན་རྟགས་ཅན་གྱི་གནམ་གྲུ་སར་ལྷུང་ནས་འགྲུལ་བ་ཉིས་བརྒྱ་དང་གོ་བརྒྱད་དང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་བཅས་རྐྱེན་ལམ་དུ་ཤོར་བའི་ཐད་ནས་བདག་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་མ་ལེ་ཞི་ཡ་སྲིད་གཞུང་དང་མི་དམངས་ལ་བརྩེ་བའི་འཚམས་འདྲི་དང་རྐྱེན་ལམ་དུ་ཤོར་བ་རྣམས་ལ་མྱ་ངན་ཞུས་པ་ཡིན་ཟེར།
ལོས་ཐི་ལ་བཏང་བའི་འཚམས་འདྲིའི་གློག་འཕྲིན་ནང་དུ་ལིས་ཁི་ཆང་གིས་གསུངས་རྒྱུར། ཧི་ལན་གྱི་སྤྱི་དམངས་གང་མང་ཞིག་མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་ཟིའིMHགཅིག་བདུན་རྟགས་ཅན་གྱི་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཐད་ནས་བདག་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་ཧི་ལན་སྲིད་གཞུང་དང་མི་དམངས་ལ་བརྩེ་བའི་འཚམས་འདྲི་དང་ཁྱེད་རྒྱལ་ཁབ་ཀྱི་རྐྱེན་ལམ་དུ་ཤོར་བ་རྣམས་ལ་མྱ་ངན་ཞུས་པ་ཡིན་ཟེར། །