མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དམངས་ཡོངས་འགན་བཅོལ་ནང་ཞུགས་རྒྱུའི་ཐོ་འགོད་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-07-19 11:52

    ཚེས་18ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་གཞོན་པ་ཧུའུ་ཞའོ་དབྱིས་དམངས་ཡོངས་འགན་བཅོལ་ནང་ཞུགས་རྒྱུའི་ཐོ་འགོད་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་ཤིང་།2014ལོ་ནས་2017ལོ་བར་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་ཚད་ལྡན་ཁྱབ་ཁོངས་ནང་གི་མི་སྤྱོད་ཚན་པ་དང་མི་སྒེར་ཚང་མར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་ཚོགས་འགན་བཅོལ་ཁག་ལྔའི་ནང་ཞུགས་རྒྱུའི་ཐོ་འགོད་བྱས་ནས་གཞི་རྩའི་ཆ་འཕྲིན་ཞིབ་བསྡུར་དང་སྤྱི་ཚོགས་འགན་བཅོལ་ལས་སྒོའི་རྨང་གཞིའི་གྲངས་གཞིའི་མཛོད་ཁྱོན་ཡོངས་ནས་དང་།འཐུས་སྒོ་ཚང་བ།ཡང་དག་པ་བཅས་ཀྱི་སྒོ་ནས་བཙུགས་ཏེ་མི་ཚང་མར་སྤྱི་ཚོགས་འགན་སྲུང་གི་མཚོན་རྟགས་འབའ་ཞིག་ཆགས་པ་བྱ་རྒྱུ་མ་ཟད།རྒྱལ་ཡོངས་སུ་དྲ་སྦྲེལ་ཐུབ་པ་དང་དུས་དང་རྣམ་པ་ཀུན་ཏུ་གསར་བརྗེ་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

    ན་ནིང་ལོ་མཇུག་ཏུ་སླེབས་སྐབས་རང་རྒྱལ་གྱི་གཞི་རྩའི་རྒན་གསོ་འགན་བཅོལ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྨན་བཅོས་དང་།ལས་ཤོར།ལས་རྨས།བུ་བཙའ་བཅས་ཀྱི་འགན་བཅོལ་ནང་ཞུགས་པའི་མི་གྲངས་དུང་ཕྱུར་8.2དང་།དུང་ཕྱུར་5.7 དུང་ཕྱུར་1.64 དུང་ཕྱུར་1.99 མི་དུང་ཕྱུར་1.64སོ་སོར་ཟིན་པ་དང་སྤྱི་ཚོགས་འགན་སྲུང་གཱ་འཁྱེར་མཁན་དུང་ཕྱུར་5.4ཟིན་ཡོད་མོད།འོན་ཀྱང་རྒྱལ་ཡོངས་སུ་སྔར་བཞིན་མི་དུང་ཕྱུར་2གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མེད་པ་དང་།དངུལ་འཇལ་མཚམས་ཆད་པའི་སྣང་ཚུལ་སྔར་བཞིན་མང་པོ་ཐོན་པ།གཞི་རྩའི་སྨན་བཅོས་འགན་བཅོལ་ནང་མི་ཞུགས་པ་དང་བསྐྱར་དུ་ཞུགས་པའི་སྣང་ཚུལ་མཉམ་དུ་གནས་པ།སྤྱི་ཚོགས་འགན་བཅོལ་གྱི་འབྲེལ་བ་སྤོ་སྒྱུར་དང་རྗེས་མཐུད་བྱ་རྒྱུ་ཤར་གཏོང་མེད་པ་བཅས་རེད།ཧུའུ་ཞའོ་དབྱིས་དམངས་ཡོངས་འགན་བཅོལ་ནང་ཞུགས་རྒྱུའི་ཐོ་འགོད་འཆར་གཞི་ལག་བསྟར་དེ་འབྱུང་རྩ་མཐིལ་རྟོགས་དང་སྤྱི་ཚོགས་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པའི་དམིགས་ཚད་མགྱོགས་མྱུར་མངོན་འགྱུར་ཡོང་རྒྱུར་ཕན་པ་ཡོད་ཅེས་བརྗོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག