མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་སོགས་སྡེ་ཚན་གྱིས་བརྡ་ཐོ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་བརྗོད་བྱ་གཙོ་བོའི་རིག་རྩལ་བྱེད་སྒོ་སྤེལ་དགོས་པའི་བླང་བྱ་བཏོན་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-07-19 11:52

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་བརྡ་ཐོ་བཏང་ནས་རྒྱལ་ཡོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་བརྗོད་བྱ་གཙོ་བོའི་རིག་རྩལ་བྱེད་སྒོ་སྤེལ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    བརྡ་ཐོའི་ནང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་བརྗོད་བྱ་གཙོ་བོའི་རིག་རྩལ་བྱེད་སྒོ་སྤེལ་བར་བསམ་བློའི་རང་བཞིན་དང་། སྒྱུ་རྩལ་རང་བཞིན། མྱོང་རོལ་རང་བཞིན་བཅས་གཅིག་གྱུར་ཡོང་བ་མཐའ་འཁྱོངས་ཀྱིས་རིག་གནས་ལ་བརྟེན་ནས་མིར་སློབ་གསོ་གཏོང་བ་དང་རིག་གནས་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུར་སྣང་ཆེན་བྱས་ཏེ་སྤྲོ་སྣང་གི་ཁྲོད་དུ་སློབ་གསོ་ལྡན་པར་བྱེད་པ་དང་། བརྩེ་དུང་ཁྲོད་དུ་གནས་ལུགས་ལྡན་པར་བྱེད་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། བརྗོད་བྱ་གཙོ་བོ་དར་སྤེལ་དང་དྲང་ནུས་གཅིག་སྡུད་བྱེད་པ། བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། དུས་རབས་ཀྱི་དར་སྲོལ་ལ་སྣེ་ཁྲིད་བྱེད་པ། སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་བསྟན་ཡོད།

    བརྡ་ཐོའི་ནང་གསལ་པོ་བསྟན་པར། “རྒྱལ་ཁབ་ནི་ཁྱིམ་ཚང་ཡིན་པ”དང་། “འབད་བརྩོན་ནི་རྩ་བ་ཡིན་པ”“གྲོན་ཆུང་ལ་བརྟེན་ནས་ཀུན་སྤྱོད་སྐྱོང་བ”“ལྷག་བསམ་ལ་བརྟེན་ནས་གཞི་ཚུགས་ཐུབ་པ་བྱེད་པ” “སྲི་ཞུ་དམིགས་བཀར་བྱེད་པ”བཅས་ལ་དམ་པོར་དམིགས་ནས་ཁྲིད་ཕྱོགས་ཁ་གསལ་དང་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་རིག་རྩལ་བྱེད་སྒོ་སྤེལ་ཏེ་སྤྱི་ཚོགས་ཀྱི་གཙོ་རྒྱུན་རིན་ཐང་བརྒྱུད་བསྒྲགས་ཤུགས་ཆེན་བྱེད་པ་དང་དགེ་མཚན་ལྡན་པའི་མི་ཚེའི་བརྩོན་གཉེར་དང་། བླ་ན་མེད་པའི་བསམ་བློའི་གོ་རྟོགས། སྐྱོན་བྲལ་གྱི་འཚོ་བའི་སྤྲོ་སྣང་བཅས་བརྒྱུད་སྤྲོད་བྱེད་དགོས་པ་དང་། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། མི་རིགས་ཀྱི་དམངས་ཁྲོད་རིག་གནས། གསར་བརྗེའི་སྲོལ་རྒྱུན་རིག་གནས་བཅས་སྔོག་འདོན་དང་། རྒྱས་བཤད། དར་སྤེལ་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཉེ་བཅར་རང་བཞིན་དང་། དམིགས་བྱ་ཅན། མང་ཚོགས་དང་འབྲེལ་འདྲིས་བཅས་ཐུབ་པ་བྱས་ཏེ་མི་དམངས་ཀྱི་གཙོ་གཟུགས་གནས་བབ་དང་དངོས་ཡོད་འཚོ་བ་དང་དེང་རབས་ཀྲུང་གོའི་རིན་ཐང་ལྟ་བ་མངོན་པ་དང་། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་ཕུལ་བྱུང་རིག་རྩལ་བརྩོམས་ཆོས་གསར་རྩོམ་ཧུར་ཐག་བྱེད་དགོས་པ། རིག་རྩལ་གྱི་ཧྲག་བསྡུས་དཔེ་སྟོན་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་སྒྲུང་གཏམ་དང་སྨྱུག་རོལ་མགྱོགས་གཏམ་ཤོད་པ་དང་། རོལ་ཆས་རམ་འདེགས་བྱས་ནས་གླུ་གཞས་གྱེར་གཏོང་བྱེད་པ་སོགས་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་སྒྱུ་རྩལ་རྣམ་པ་སྤྱོད་རྒྱུར་སྣང་ཆེན་གྱིས་ང་ཚོའི་རིན་ཐང་ལྟ་བ་སྟེ། གཞས་མ་གཏམ་གཞི་རིམ་དུ་འཁྲབ་སྟོན་བྱེད་པ་དང་། རྒྱལ་ཡོངས་སུ་སྐོར་འཁྲབ་ཐེངས་བརྒྱ་བྱ་རྒྱུ་སྒྲིག་འཛུགས་ཡག་པོ་བྱས་ནས་མི་སྣ་ཡག་ཤོས་དྲིལ་བསྒྲགས་དང་སྒྲུང་གཏམ་སྙན་པོས་བརྗོད་པ། སྙིང་སྟོབས་ཡག་ཤོས་ལ་བསྟོད་གླུ་འབུལ་དགོས་པ་བཅས་རེད།

    བརྡ་ཐོའི་ནང་། འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་ལ་ཏང་ཨུད་དྲིལ་བསྒྲགས་སྡེ་ཚན་གྱི་གཅིག་གྱུར་འགོ་ཁྲིད་འོག་མཐུན་སྦྱོར་ལ་ཤུགས་སྣོན་དང་གཞོགས་འདེགས་དམ་ཟབ་ཀྱིས་ལས་བགོས་ཁ་གསལ་དང་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་དང་། དོན་དངོས་ལ་གཞིགས་ནས་གྲོན་ཆུང་བསྲི་ཚགས་དང་དམ་པ་དོན་གཉེར་གྱིས་ཕྱི་ཚུལ་རིང་ལུགས་མི་བྱེད་པ་དང་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་དགོས་པ། ལེགས་བཅོས་གསར་གཏོད་ལ་དོ་སྣང་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་མི་ཚང་མས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཐོག་འཁྱོལ་བ་བྱེད་པའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    (བསྟན་པ་དང་བཀྲ་ཤིས་ཚེ་དབང་གིས་སྒྱུར་ཞུས་བྱས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག