ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《གཞུང་འཁོར་སྤྱོད་ལུགས་ཀྱི་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དང《ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞུང་འཁོར་སྤྱོད་ལུགས་སྒྱུར་བཅོས་ཀྱི་འཆར་གཞི》པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་ནས་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
《གཞུང་འཁོར་སྤྱོད་ལུགས་ཀྱི་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》གྱི་ཡིག་ཆ་དེ་ཉིད་ཁག་ལྔ་ལ་ཕྱེ་ཡོད་པ་སྟེ།
གཅིག གཞུང་འཁོར་སྤྱོད་ལུགས་ཀྱི་སྒྱུར་བཅོས་ཀྱི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་ཐུབ་པ་བྱེད་དགོས་པ་དང་།
གཉིས། མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། སྤྱིའི་དམིགས་ཚད།
གསུམ། ལས་འགན་གཙོ་བོ།
བཞི། གཞུང་འཁོར་སྤྱོད་པའི་དོ་དམ་དང་འགན་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ།
ལྔ། སྒྲིག་འཛུགས་ལག་བསྟར་ལས་དོན་ནན་ཏན་སྒྲུབ་དགོས་པ་བཅས་ཡིན།
《ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞུང་འཁོར་སྤྱོད་ལུགས་སྒྱུར་བཅོས་ཀྱི་འཆར་གཞི》དེ་ཁག་བཞི་ལ་ཕྱེ་ཡོད་པ་སྟེ།
གཅིག དམིགས་ཚད་དང་རྩ་དོན། གཉིས། ལས་འགན་གཙོ་བོ།
གསུམ། འགན་ལེན་བྱེད་ཐབས།
བཞི། སྒྲིག་འཛུགས་ལག་བསྟར་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཡིན་པ་རེད།