མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལོ་སྟོད་དུ་རྒྱལ་ཡོངས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་8.8%འཕར་བ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-07-19 11:51

    ཉེ་ཆར་ནོར་སྲིད་པུས་ལོ་སྟོད་ཀྱི་རྒྱལ་ཡོངས་ཀྱི་ནོར་སྲིད་གཏོང་ཡོང་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་།གྲངས་གཞི་ལས་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་74638ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་སྒོར་དུང་ཕྱུར་6048མང་དུ་སོང་བ་དང་8.8%འཕར་བའི་ནང་ཀྲུང་དབྱང་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་34327ཟིན་པ་དེ་དུས་མཚུངས་ལས་6.2%འཕར་བ་དང་ས་གནས་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་40311ཟིན་པ་དེ་དུས་མཚུངས་ལས་11.1%འཕར་བ་ཚུད་ཡོད།རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་ཁྲོད་ཁྲལ་འབབ་སྒོར་དུང་ཕྱུར་64269ཟིན་པ་དེ་དུས་མཚུངས་ལས་8.5%འཕར་བ་དང་།ཟླ་བ་དང་པོ་ནས་དྲུག་པའི་བར་རིམ་རྩིས་བྱས་ན་རྒྱལ་ཡོངས་ཀྱི་ནོར་སྲིད་འགྲོ་གྲོན་སྒོར་དུང་ཕྱུར་69154ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་སྒོར་དུང་ཕྱུར་9440མང་དུ་སོང་བ་དང་15.8%འཕར་བ་བཅས་མངོན་ཡོད།

    ནོར་སྲིད་པུའི་འབྲེལ་ཡོད་འགན་ཁུར་བས་ཟླ་6པར་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་13461ཟིན་པ་དེ་ན་ནིང་གི་དུས་མཚུངས་ཀྱི་ཟླ་བ་ལས་སྒོར་དུང་ཕྱུར་1084མང་དུ་སོང་ནས་8.8%འཕར་བའི་ནང་ཀྲུང་དབྱང་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་5477ཟིན་པ་དེ་དུས་མཚུངས་ལས་5.8%འཕར་ནས་ཟླ་བ་གོང་མའི་འཕར་དམའ་བའི་རྣམ་པ་རྒྱུན་འཁྱོངས་བྱས་པ་དང་གཙོ་བོ་གནས་ཐང་འཕར་ཁྲལ་ཆག་པ་དང་དེ་བཞིན་ཕྱིར་གཏོང་ཁྲལ་སློག་མང་དུ་སོང་བ་སོགས་ཀྱི་ཤུགས་རྐྱེན་ཐེབས་ཡོད།ས་གནས་ཀྱི་རིམ་པ་དེ་གའི་ཡོང་འབབ་འཕར་ཚད་ལ“ཤར་མཐོ་ནུབ་དམའི”རྣམ་པ་མངོན་པ་དང་།ཤར་རྒྱུད་དེ་དབུས་རྒྱུད་ལས་མཐོ་བ་དང་དབུས་རྒྱུད་དེ་ནུབ་རྒྱུད་ལས་མཐོ་བ་ཡོད་ཅེས་ངོ་སྤྲོད་བྱས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག