མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལོ་སྟོད་དུ་ཀྲུང་དབྱང་ཁེ་ལས་ལ་ཁེ་བཟང་སྒོར་དུང་ཕྱུར་6740.1བྱུང་བ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-07-19 11:51

    ཚེས་16ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ལོ་སྟོད་དུ་ཀྲུང་དབྱང་ཁེ་ལས་ལ་རིམ་རྩིས་བྱས་ན་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་12བྱུང་བ་དེ་དུས་མཚུངས་ལས་5.1%འཕར་བ་དང་།གོང་འབུལ་ཞུས་པའི་ཁྲལ་འབབ་བསྡོམས་འབོར་སྒོར་དུང་ཕྱུར་9845.8ཟིན་པ་དེ་དུས་མཚུངས་ལས་3.8%འཕར་བ།རིམ་རྩིས་བྱས་ན་ཁེ་བཟང་བསྡོམས་འབོར་སྒོར་དུང་ཕྱུར་6740.1བྱུང་བ་དེ་དུས་མཚུངས་ལས་5.5%འཕར་ཡོད་པའི་ཁྱབ་བསྒྲགས་བྱས་ཡོད།

    འདི་ལོ་ཚུན་ཀྲུང་དབྱང་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་དང་བྱུང་བའི་ཁེ་བཟང་འཕར་དམའ་བའི་རྣམ་པར་གནས་ཡོད་པ་དང་དེ་དང་ཆབས་ཅིག་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཀྲུང་དབྱང་ཁེ་ལས་ཀྱི་ཁེ་བཟང་ཚད་གཞི་དམའ་རུ་བཏང་ཞིང་།འདི་ལོའི་ལོ་སྟོད་དུ་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཀྲུང་དབྱང་ཁེ་ལས་113གྱི་2014ལོའི་ལོ་འཁོར་གྱི་སྔོན་རྩིས་དམིགས་ཚད་ལ་དུད་ཚང་རེ་རེ་བཞིན་དབྱེ་ཞིབ་དང་ཞིབ་བཤེར་བྱས་ནས་འཕར་ཚད་གཏན་འཁེལ་བྱས་ཏེ་ཁེ་བཟང་ཆེ་བའི་དུད་ཚང་ཆེ་མོ་དང་གྱོང་གུན་ཕོག་པའི་ཁེ་ལས་ཀྱི་རྗེས་སྙེག་མཛུབ་ཁྲིད་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་འཕར་རྒྱུ་འགན་ལེན་བྱས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག