མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྡེ་ཚན་གསུམ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་བརྗོད་དོན་གཙོ་བོའི་རིག་རྩལ་བྱེད་སྒོ་སྤེལ་རྒྱུའི་བརྡ་ཐོ་བཏང་བ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་།  2014-07-19 11:51

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་།ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་།ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་རྒྱལ་ཡོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་བརྗོད་དོན་གཙོ་བོའི་རིག་རྩལ་བྱེད་སྒོ་སྤེལ་རྒྱུའི་བརྡ་ཐོ་བཏང་བ་རེད།

    བརྡ་ཐོའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་བརྗོད་དོན་གཙོ་བོའི་རིག་རྩལ་བྱེད་སྒོ་སྤེལ་བར་བསམ་བློའི་རང་བཞིན་དང་།སྒྱུ་རྩལ་རང་བཞིན།མྱོང་རོལ་རང་བཞིན་བཅས་གཅིག་ཏུ་བསྡུས་རྒྱུ་མཐའ་འཁྱོངས་བྱེད་པ་དང་།གནས་ལུགས་བཤད་པར་བརྟེན་ནས་མི་ལ་སེམས་འགུལ་ཐེབས་པ་བྱེད་པ་དང་།གཞན་ལ་སློབ་གསོ་རྒྱག་རྒྱུར་སྣང་ཆེན་བྱེད་པ།རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པ་དང་གནས་ལུགས་ཁྲོད་བརྩེ་སེམས་ལྡན་པ་བྱེད་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་པ།བརྗོད་བྱ་གཙོ་བོ་དར་སྤེལ་དང་དྲང་ནུས་གཅིག་ཏུ་བསྡུས་པ།ཀུན་སྤྱོད་བབ་ཆགས་ཞུན་བརྡར་བྱེད་པ།དུས་རབས་ཀྱི་དར་སྲོལ་སྣེ་ཁྲིད་བྱེད་པ།སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས།ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཞེས་འཁོད་ཡོད།

    བརྡ་ཐོའི་ནང་ཁྲིད་ཕྱོགས་གསལ་སྟོན་དང་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོ་སྤེལ་ཏེ།སྤྱི་ཚོགས་ཀྱི་གཙོ་རྒྱུག་རིན་ཐང་ཁྱབ་སྤེལ་ཤུགས་ཆེན་དང་ཧུར་བརྩོན་གྱི་མི་ཚེའི་དོན་གཉེར་དང་།བླ་ན་མེད་པའི་བསམ་བློའི་འཁྱེར་སོ།བདེ་སྐྱིད་ཀྱི་འཚོ་བའི་སྤྲོ་སྣང་ཡག་པོ་བཅས་བརྒྱུད་སྤེལ་བྱེད་དགོས།ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་།མི་རིགས་དམངས་ཁྲོད་ཀྱི་རིག་གནས།གསར་བརྗེའི་སྲོལ་རྒྱུན་རིག་གནས་བཅས་སྔོག་འདོན་དང་།རྒྱས་བཤད།དར་སྤེལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས།ཉེ་བཅར་རང་བཞིན་དང་མང་ཚོགས་དང་འབྲེལ་གཏུག་ཡག་པོ་བྱས་ཏེ།མི་དམངས་ཀྱི་གཙོ་བོའི་གནས་བབ་དང་དངོས་ཡོད་འཚོ་བ་མཚོན་པ་དང་།དེང་རབས་ཀྱི་ཀྲུང་གོའི་རིན་ཐང་ལྟ་བ་དང་མང་ཚོགས་ཀྱི་ལྟ་འདོད་ཅིང་ཉན་སྤྲོ་བའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་གསར་གཏོད་བྱེད་དགོས།རིག་རྩལ་གྱི་རྟ་དམག་ཧྲག་པོའི་དཔེ་སྟོན་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་སྒྲུང་གཏམ་དང་།སྨྱུག་རོལ་མགྱོགས་གཏམ་སོགས་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་སྒྱུ་རྩལ་རྣམ་པ་སྤྱད་རྒྱུར་སྣང་ཆེན་གྱིས།ང་ཚོའི་རིན་ཐང་ལྟ་བ་སྟེ།གཞས་མ་གཏམ་གཞི་རིམ་དང་རྒྱལ་ཡོངས་སུ་སྐོར་འཁྲབ་བརྒྱ་བྱས་ནས།ཆེས་ཡག་ཤོས་ཀྱི་མི་སྣ་དྲིལ་བསྒྲགས་བྱེད་པ་དང་།ཆེས་སྙན་ཤོས་ཀྱི་སྒྲུང་གཏམ་ཡག་པོ་ཤོད་པ།ཆེས་ལེགས་ཤོས་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་བྱེད་པ་བཅས་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག