མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་པ་ཞིའི་ཙུང་ཐུང་ལའོ་སེ་ཧྥུའུ་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-18 11:31

ས་དེའི་དུས་ཚོད་ཟླ་བདུན་པའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པ་ཞི་ལི་ཡ་ནས་པ་ཞིའི་ཙུང་ཐུང་ལའོ་སེ་ཧྥུའུ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཟླ་བདུན་པའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པ་ཞི་ལི་ཡ་ནས་པ་ཞིའི་ཙུང་ཐུང་ལའོ་སེ་ཧྥུའུ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་པ་ཞིའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པའི་རིང་གི་ཕན་འབྲས་ལྡན་པའི་ཉམས་མྱོང་སྤྱི་བསྡོམས་བྱས་པར་མ་ཟད། སྔ་སྲོལ་རྗེས་མཐུད་དང་མ་འོང་གསར་གཏོད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོང་བའི་འཕེལ་རྒྱས་ཇུས་འགོད་དང་། མཉམ་ལས་རྒྱུན་འཁྱོངས། འཕེལ་རྒྱས་གཙིགས་འཛིན་བཅས་བྱས་ཏེ། ཀྲུང་གོ་དང་པ་ཞི་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་པའི་ཐག་བཅད།

གྲོས་མོལ་མ་བྱས་གོང་། ལའོ་སེ་ཧྥུའུ་ཡིས་ཙུང་ཐུང་བཞུགས་ཤག་ནས་ཞི་ཅིན་ཕེན་ལ་དགའ་བསུ་ཞུ་བའི་མཛད་སྒོ་རྒྱ་ཆེན་པོ་བསྡུས།

ལའོ་སེ་ཧྥུའུ་ཡིས་ཞི་ཅིན་ཕེན་པ་ཞིར་རྒྱལ་དོན་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཁོ་མོས་ཀྲུའུ་ཞི་ཞི་ཅིན་ཕེན་པ་ཞི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པའི་སྐབས་འདིར་པ་ཞིར་འཚམས་འདྲིར་ཕེབས་པར་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། པ་ཞི་དང་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་ཐུབ་ཅེས་ནན་གྱིས་བཤད།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་དང་པ་ཞིའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན། ལོ་ངོ་བཞི་བཅུའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ། ཕན་ཚུན་བར་རོགས་རམ་བཅས་བྱས་ནས། ཀྲུང་གོ་དང་པ་ཞིའི་བར་གྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་བཏང་། ཕྱིན་ཆད་ཕྱོགས་གཉིས་ཀྱིས་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་ཏེ། མཉམ་དུ་ཕྱིའི་འཕེལ་རྒྱས་ཁོར་ཡུག་བཟང་བོ་བསྐྲུན་པ་དང་། རང་ཉིད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་་ཕན་ལ་སྲུང་སྐྱོབ་བྱེད་པ། རྒྱལ་སྤྱིའི་སྟོབས་ཤུགས་སྔར་ལས་དོ་མཉམ་ཡོང་བར་བྱེད་པ་བཅས་བྱས་ནས། འཛམ་གླིང་དར་རྒྱས་དང་བརྟན་འཇགས་སུ་གཏོང་དགོས་ཟེར།

གྲོས་མོལ་མཛད་རྗེས། ཕྱོགས་གཉིས་ཀྱིས་པ་ཞི་དང་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་སྤེལ་དགོས་པའི་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་སྤེལ།

རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་འགོད་པའི་མཛད་སྒོར་ཞུགས་པར་མ་ཟད། མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག