མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བདེན་འཚོལ་དུས་དེབ་ཐོག་རྩོམ་ཡིག་སྤེལ་ནས་ངོས་འཛིན་གསལ་པོ་བཞི་ནི་ཤིན་ཅང་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཐུབ་རྒྱུར་སྲུང་སྐྱོབ་བྱེད་པའི་རྨང་གཞི་ཡིན་ཞེས་བཤད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-18 10:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འདོན་ཐེངས14ཡི་བདེན་འཚོལ་དུས་དེབ་ཐོག་ཧྲེ་ཕིང་གི་རྩོམ་ཡིག་སྤེལ་ནས་རླབས་ཆེན་མེས་རྒྱལ་ལ་ངོས་འཛིན་གང་ལེགས་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནི་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་སྔོན་འགྲོ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ངོས་འཛིན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པའི་བརྩེ་དུང་གི་རྨང་གཞི་ཡིན། ཀྲུང་ཧྭའི་རིག་གནས་ལ་ངོས་འཛིན་གང་ལེགས་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་ནི་ཀྲུང་ཧྭ་མི་རིགས་ལ་ཐུན་མོང་ཐོག་ལྡན་པའི་བསམ་པའི་ཁྱིམ་གཞིས་གསོ་སྐྱོང་བྱེད་རྒྱུར་ནང་རྐྱེན་གྱི་སྒུལ་ཤུགས་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་ངོས་འཛིན་གང་ལེགས་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཐུབ་པ་བྱེད་རྒྱུའི་རྩ་བའི་འགན་ལེན་ཡིན་ཞེས་བཤད་ཡོད། ངོས་འཛིན་བཞི་པོ་དེ་ནི་ཤིན་ཅང་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཐུབ་རྒྱུར་སྲུང་སྐྱོབ་བྱེད་པའི་བསམ་པའི་རྨང་གཞི་ཡིན། འདོན་ཐེངས་འདིའི་བདེན་འཚོལ་དུས་དེབ་ཐོག་ད་དུང་འགོ་བརྗོད་དུ་ཆོས་ལུགས་ཐལ་སྐྱོད་བསམ་བློ་ནི་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོང་ཡོང་བར་གནོད་འཚེ་ཚབས་ཆེན་བཟོ་བ་ཞིག་ཡིན་ཞེས་པ་སྤེལ་བ་དང་། རྒྱ་ཆེའི་དགེ་སློབ་ཚོས་ཆོས་ལུགས་ལ་ངོས་འཛིན་ཡང་དག་དང་ལྟ་སྟངས་འཛིན་རྒྱུར་སློབ་གསོ་དང་སྣེ་འཁྲིད་བྱས་པ་དང་། ཆོས་ལུགས་ཐལ་བསྐྱོད་སྟོབས་ཤུགས་ཀྱིས་རྒྱལ་ཁབ་ཁ་བྲལ་དུ་གཏོང་བ་དང་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ། མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་ལ་གནོད་འཚེ་བཟོ་བ་སོགས་བྱས་ཉེས་ཀྱི་ཐབས་ལམ་ཡིན་པ་ངོས་འཛིན་གང་ལེགས་བྱེད་རྒྱུ་དང་ཆོས་ལུགས་ཐལ་བསྐྱོད་ཀྱི་བསམ་བློ་ནི་མིའི་རིགས་དང་རྒྱབ་འགལ་བྱས་པ་དང་ཤེས་དཔལ་དང་རྒྱབ་འགལ་བྱས་པ། སྤྱི་ཚོགས་དང་བརྒྱབ་འགལ་བྱས་པ་བཅས་ཀྱི་ངོ་རྒོལ་གྱི་རང་བཞིན་ཞིག་ཡིན་པ་ངོས་འཛིན་གསལ་པོ་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག