ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ7པའི་ཚེས16ཉིན་དཔར་དུ་བསྐྲུན་པའི་འདོན་ཐེངས14ཡི་བདེན་འཚོལ་དུས་དེབ་ཐོག་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་རིག་གནས་ཚན་ཁག་གི་ཨུ་ཡོན། མི་འབོར་དང་ངལ་རྩོལ་དཔལ་འབྱོར་ཞིབ་འཇུག་ཁང་གི་འགོ་འཛིན་བློ་མཐུན་ཚའེ་ཕང་གི་རྩོམ་ཡིག་འགོ་བརྗོད་དུ་དཔལ་འབྱོར་ལ་སྐྱོ་སྣང་སྐྱེ་བའི་ལྟ་བའི་གླེང་སྟེགས་ཀྱི་སྨུག་རྡུལ་འདོར་དགོས་ཞེས་པ་སྤེལ་བ་རེད། རྩོམ་ཡིག་ནང་ཀྲུང་གོའི་དཔལ་འབྱོར་གྱི་སྐྱོ་སྣང་སྐྱེ་བའི་ལྟ་བའི་གླེང་སྟེགས་ནང་བཏོན་པའི་ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་ནས་གཏན་ལ་འཁེལ་བའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་ཚད་བརྒྱ་ཆ་༧དང་གྲངས་ཆུང་༥ཡི་དམིགས་འབེན་ལ་ལ་དམིགས་ནས་འཕར་ཚད་དང་མཐུན་པའི་མི་མངོན་པའི་སྟོབས་ཤུགས་དང་ལྡན་པ་ནི་འཕར་ཚད་མགྱོགས་སུ་འགྲོ་རྒྱུར་དང་ལེན་བྱེད་ཆོག་པ་ཞིག་ཡིན་པ་ལས་ཡུན་རིང་ནང་དཔལ་འབྱོར་འཕར་ཚད་འགོར་དུ་འགྲོ་བའི་བཀག་འགོག་ཞིག་ཡིན་པ་མཚོན་གྱི་མེད་པ་དེ་ཡིན་ཞེས་སྟོན་པ་དང་། དུས་མཚུངས་སུ་དཔར་དུ་བསྐྲུན་པའི་བདེན་འཚོལ་གྱི་དཔྱད་གཏམ་པའི་རྩོམ་ཡིག་ནང་གནས་བབ་ལ་ངོས་འཛིན་གང་ལེགས་བྱེད་རྒྱུ་དང་ངེས་གཏན་རྒྱུན་འཁྱོངས་དང་རང་འགུལ་ཡིན་པའི་ངོས་ནས་ཀྲུང་གོའི་དཔལ་འབྱོར་བརྟན་ཞིང་རྒྱང་རིང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བཤད་ཡོད། །