མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནན་ཅིང་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་སླེབས་པར་ཉིན་སུམ་བཅུ་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-18 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས17ཉིན་ནི་ནན་ཅིང་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཉིན་མོ་ཤར་བར་ད་དུང་ཉིན་གསུམ་བཅུ་ཡོད་པའི་ཉིན་མོ་ཡིན་པ་དང་། གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་གཞི་རྩའི་ཆ་ནས་ལེགས་གྲུབ་བྱས་ཟིན་པ་དང་། རྗེས་མཐུད་ཀྱི་ཉིན་གསུམ་བཅུའི་ནང་གཙོ་གནད་ཐོག་ཚོགས་ར་ཚོད་ལྟའི་བེད་སྤྱོད་སོགས་ལ་གཞིགས་ནས་ཁྱོན་ཡོངས་ནས་ཟློག་རྩིས་རྒྱག་པའི་དུས་རིམ་ལ་སླེབས་རྒྱུ་ཡིན་པ་རེད། གཞོན་ནུའི་ཨོ་རྩལ་འགྲན་ཚོགས་སྤྱི་ཟླ8པའི་ཚེས16ཉིན་འགོ་འཛུགས་རྒྱུ་དང་། ཁྱོན་རྣམ་གྲངས་ཆེ་བ28ཡོད་པ་དང་གསར་སྣོན་རྣམ་གྲངས་ཀོར་ཧྥུ་སྤོ་ལོ་དང་སྐྱུ་རུའི་སྤོ་ལོ་གཉིས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་བྱེད་སར་བསྐྱར་ལོག་བྱ་རྒྱུ་ཡིན་པ་རེད། སྐབས་དེ་དུས་རྒྱལ་ཁབ་དང་ས་ཁུལ་204ནས་ཡོང་བའི་ལུས་རྩལ་པ་3784འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག