མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལྷོ་ཕྱོགས་ས་ཆ་མང་པོར་དྲག་ཆར་གྱི་གནོད་འཚེ་ཕོག་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-18 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་རིང་། རང་རྒྱལ་ལྷོ་ཕྱོགས་ཀྱི་ས་ཆ་མང་པོར་ཆར་པ་ཆེན་པོ་བབ་པ་དང་། ཧུའུ་ནན་དང་ཀུད་ཀྲུའུ། ཀོང་ཤི། གྲུང་ཆིང་སོགས་ས་ཆར་གནོད་འཚེ་ཚབས་ཆེན་ཕོག་ཡོད་པ་རེད།

ཧུའུ་ནན་དུ་དྲག་ཆར་གྱིས་ཐོ་ཅང་གཙང་པོའི་ཆུ་ཁ་གློ་བུར་དུ་འཕར་ནས། ཧྥེང་ཧོང་གནའ་གྲོང་ལ་འཁྱིལ་ཆུའི་གནོད་སྐྱོན་ཚབས་ཆེན་ཕོག་པ་དང་། གནའ་གྲོང་ནང་ཁུལ་གྱི་ཆུ་དང་གློག་ཆད་པ། ཡུལ་སྐོར་མཛེས་ལྗོངས་ཁུལ་སྒོ་རྒྱབ་པ། ས་གནས་དེ་གས་དུས་ཐོག་ལ་གནོད་འཚེ་ཕོག་པའི་མང་ཚོགས་དང་ཡུལ་བསྐོར་བ་གནས་སྤོས་བྱས་ཡོད་པ་རེད། སྤྱི་ཚེས17ཉིན་དྲག་ཆར་ཆུང་དུ་ཕྱིན་པ་དང་བསྟུན་འཁྱིལ་ཆུའི་གནོད་འཚེ་ཞི་ལྷོད་དུ་ཕྱིན་ཡོད་པ་རེད།

ཆར་པ་བབས་པའི་ཤུགས་རྐྱེན་ཐེབས་པས། ཧྲང་ཧའེ་ནས་ཁུན་མིང་བར་གྱི་ལྕགས་ལམ་དང་། ཁྲུང་ཆིང་ནས་ཧུའི་ཧ་བར་གྱི་ལྕགས་ལམ། ཧོ་ནན་ཅའོ་ཙོག་ནས་ཀོང་ཤི་ལེའུ་ཀྲུའུ་བར་གྱི་ལྕགས་ལམ་བཅས་ཀྱི་དུམ་མཚམས་ཁག་ཅིག་ལ་ལམ་རྡིབ་པའི་ཉེན་ཁ་འཕྲད་པས། མེ་འཁོར་མི་ཉུང་བ་ཞིག་དུས་ཐོག་ལ་གཏོང་མི་ཐུབ་པ་དང་། སྤྱི་ཚེས17དང18ཉིན་གཉིས་ནང་མེ་འཁོར92སྐྱེལ་འདྲེན་བྱེད་མཚམས་ཆད་ཡོད་པ་རེད།

ཧུའུ་ནན་དང་ཀུད་ཀྲུའུ་སོགས་ས་ཆའི་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེར་དམིགས་ནས། རྒྱལ་ཁབ་གནོད་སེལ་ཨུ་ཡོན་ལྷན་ཁང་དང་དམངས་སྲིད་པུས་ཛ་དྲག་སྒོ་ནས་རྒྱལ་ཁབ་ཀྱི་རིམ་པ་བཞི་པའི་གནོད་སེལ་བབ་བསྟུན་ལན་ཆ་ལག་བསྟར་བྱས་པ་མ་ཟད་ལས་དོན་ཚོགས་ཆུང་གནོད་འཚེའི་ཁུལ་དུ་མངགས་གཏོང་བྱས་ནས། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འགོག་གནོད་སེལ་ལས་དོན་ལ་རམ་འདེགས་བྱས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག