མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིས་ཅིན་ཕིང་པར་ཙིར་གྱི་ཕུའུ་ཐ་ལའེ་སར་ཕེབས་འབྱོར་ཟིན་ནས་འབོ་གསེར་རྒྱལ་ ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་དྲུག་པར་ཞུགས་པ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-07-17 18:36

    ཟླ་7ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཕུའུ་ཐ་ལའེ་སར་ཕེབས་འབྱོར་ཟིན་ནས་པར་ཙིར་གྱི་ཙུང་ཐུང་ལུའོ་སའེ་ཕུའུ་ཡི་གདན་ཞུས་ལྟར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་དྲུག་པར་ཞུགས་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་7ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཕུའུ་ཐ་ལའེ་སར་ཕེབས་འབྱོར་ཟིན་ནས་པར་ཙིར་གྱི་ཙུང་ཐུང་ལུའོ་སའེ་ཕུའུ་ཡི་གདན་ཞུས་ལྟར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་དྲུག་པར་ཞུགས་པ་རེད།

    ས་གནས་དེ་གའི་དུས་ཚོད་ཕྱི་དྲོའི་ཆུ་ཚོད་2དང་སྐར་མ་5ཡི་ཐོག་ཞིས་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ཕུའུ་ཐ་ལའེ་ས་ཕིང་ཐུའོ·མ་ཐིང་སི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་ཟིན་པ་དང་པར་ཙིར་གྱི་ཕྱི་འབྲེལ་པུའི་མཐོ་རིམ་དཔོན་རིགས་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད།

    ཞིས་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ནི་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་དང་རྒྱལ་སྤྱིའི་མ་ལག་གི་འཛུགས་སྐྲུན་པ་གལ་ཆེན་ཡིན་པས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་དང་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ནང་ཧུར་ཐག་ཞུགས་རྒྱུ་ཡིན།དེང་སྐབས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་པའི་ཐད་སྔར་བཞིན་རྙོག་འཛིང་ཆེ་བའི་རྒྱུ་རྐྱེན་མང་པོ་འཕྲད་ཡོད།ངས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་གཞན་དག་དང་གྲོས་བསྡུར་མཉམ་ལས་གཏིང་ཟབ་བྱས་ཏེ་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་སྡུད་དང་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་འཆར་འགོད་བྱས་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བར་སྐུལ་འདེད་དང་།གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ།འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དྲང་ནུས་དེ་བས་མང་བ་སྐྱེས་སུ་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག