མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2014ལོའི་ཀྲུང་གོའི་མཐོ་རིམ་ལས་རིགས་སློབ་གསོའི་སྤུས་ཚད་ཀྱི་ལོ་འཁོར་མོའི་སྙན་ཞུ་ཡོངས་བསྒྲགས་བྱས་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-07-17 18:36

    “2014ལོའི་ཀྲུང་གོའི་མཐོ་རིམ་ལས་རིགས་སློབ་གསོའི་སྤུས་ཚད་ཀྱི་ལོ་འཁོར་མོའི་སྙན་ཞུ”དེ་ཚེས་15ཉིན་པེ་ཅིང་དུ་ཡོངས་བསྒྲགས་བྱས་ཤིང་།སྙན་ཞུའི་ནང་མངོན་པར།2013ལོར་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མ་ལོ་ཕྱེད་ཀྱི་རྗེས་སུ་ལས་ཞུགས་ཐུབ་ཚད་90.9%ཟིན་པ་དེའི་ནང་དབུས་ནུབ་རྒྱུད་ཀྱི་ས་ཁུལ་གྱི་སློབ་ཐོན་སློབ་མའི་ས་ཆ་དེ་གའི་སློབ་ཁུངས་ཀྱིས་ཡུལ་དེར་ལས་ཞུགས་བྱེད་པའི་བསྡུར་ཚད་ཀྱི་67%བཟུང་བ་དང་།སློབ་ཐོན་སློབ་མ་58%ལོ་3ནང་ལས་གནས་འཕར་བ།2013ལོར་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མའི་ལོ་ཕྱེད་ཀྱི་རྗེས་སུ་ཟླ་རེའི་ཡོང་འབབ་སྒོར་2940ཟིན་ནས་2012ལོ་དང་2011ལོར་སློབ་ཐོན་སློབ་མ་ལས་7.7%དང་18.5%སོ་སོར་འཕར་ཡོད་པ་རེད།

    སྙན་ཞུའི་ནང་མངོན་པར།2011ལོ་ནས་2013ལོའི་བར་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མའི་རང་བརྟེན་ལས་གཏོད་ཀྱི་བསྡུར་ཚད་50%འཕར་བ་དང་།2013ལོར་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མའི་རང་བརྟེན་ལས་གཏོད་ཀྱི་བསྡུར་ཚད་3.3%ཟིན་ཡོད།2010ལོར་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མའི་ལོ་3རྗེས་ཀྱི་རང་བརྟེན་ལས་གཏོད་ཀྱི་བསྡུར་ཚད་6%ཟིན་པ་དེ་སློབ་གྲྭ་ཐོན་ནས་ལོ་ཕྱེད་སོང་རྗེས་ལས་གཏོད་ཀྱི་ལྡབ་2.7ཡིན་པ་རེད།སྙན་ཞུ་འབྲི་བའི་ཐད་ཀྱི་རིགས་གཅིག་མཁས་ཅན་གྱིས་བསྟུད་མར་རྗེས་སྙེགས་བརྟག་ཞིབ་བྱས་ཏེ་ཤེས་རྟོགས་བྱུང་བར་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་མ་སློབ་གྲྭ་ཐོན་སྐབས་རང་བརྟེན་ལས་གཏོད་བྱེད་པའི་སྐུལ་སློང་གཙོ་བོ་ནི་གོ་སྐབས་དམ་འཛིན་བྱ་ཆེད་ཡིན་པ་ལས་ལས་ཞུགས་དཀའ་ངལ་ཡོད་པས་མིན་པ་རེད།2011ལོ་ནས་2013ལོའི་བར་གྱི་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མའི་ཁྲོད་གོ་སྐབས་རྣམ་པའི་ལས་གཏོད་ཀྱིས་སློབ་ཐོན་སློབ་མའི་ལས་གཏོད་བསྡུར་ཚད་ཀྱི་85%བཟུང་བ་དང་འཚོ་གནས་རྣམ་པའི་ལས་གཏོད་ཀྱིས་བསྡུར་ཚད་ཀྱི་7%ལས་བཟུང་མེད་པ་རེད།

    རྒྱུགས་སྤྲོད་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་ཐད་ཞིང་ཆེན་30ཡིས་སོ་སོས་རྒྱུགས་སྤྲོད་སློབ་བསྡུ་བྱས་པ་དང་།ཞིང་ཆེན་18ཀྱིས་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མར་ཕྱོགས་པའི་རྩལ་ནུས་རྒྱུགས་སྤྲོད་སློབ་བསྡུ་བྱས་པ།ཞིང་ཆེན་19ཡིས་འབྲིང་རིམ་དང་མཐོ་རིམ་ལས་རིགས་འབྲེལ་མཐུད་ངང་སློབ་བསྡུ་བྱས་པ།ཞིང་ཆེན་5ཡིས་རྩལ་ནུས་རྩེ་གྲ་ཡིན་པའི་ཤེས་ལྡན་མི་སྣ་ངོ་འཕྲད་རྒྱུགས་ལེན་གྱིས་སློབ་མ་བསྡུ་བའི་རྣམ་པ་ཞིག་འཚོལ་ཞིབ་བྱས་པ་བཅས་རེད།གོང་གསལ་གྱི་སློབ་བསྡུའི་རྣམ་པ་4པོ་དེ་དག་ཅིས་ལིན་དང་།ཧྲང་ཧའེ།ཧུའུ་ནན།ཤིན་ཅང་སོགས་ཞིང་ཆེན་11ཏུ་དུས་གཅིག་ཏུ་ལག་ལེན་བསྟར་ཞིང་།2013ལོར་མཐོ་རིམ་ལས་རིགས་ཀྱི་རིགས་དབྱེའི་རྒྱུགས་སྤྲོད་སློབ་བསྡུའི་མི་གྲངས་ཁྲི་144ཟིན་ནས་མཐོ་རིམ་ལས་རིགས་སློབ་བསྡུའི་འཆར་གཞིའི་བསྡོམས་འབོར་གྱི་43%བཟུང་ཡོད་པ་རེད།

    ཐོན་སྐྱེད་དང་སློབ་གསོ་མཉམ་བསྲེས་དང་།སློབ་གྲྭ་དང་ཁེ་ལས་མཉམ་ལས་གཏིང་ཟབ་བྱས་ཤིང་།སྙན་ཞུའི་ནང་མངོན་པར།2013ལོར་མཐོ་རིམ་ལས་རིགས་སློབ་གྲྭ་དང་མཉམ་ལས་བྱེད་པའི་ཁེ་ལས་ཁྲི་15.6ཟིན་ནས་ཆ་སྙོམས་བྱས་ན་སློབ་གྲྭ་རེས་ཁེ་ལས་100ཡན་དང་མཉམ་ལས་བྱས་པས་མཉམ་ལས་ཚན་པ་སྣ་མང་ཅན་དང་མཉམ་ལས་དཔེ་དབྱིབས་སྣ་མང་ཅན་གྱི་འཕེལ་ཕྱོགས་མངོན་ཡོད།2013ལོར་མཐོ་རིམ་ལས་རིགས་སློབ་གྲྭར་ཐོབ་པའི་ལག་རྩལ་ཞབས་ཞུའི་རང་བཞིན་གྱི་ཡོང་འབབ་སྒོར་དུང་ཕྱུར་20ལས་བརྒལ་ནས་སློབ་གྲྭ་རེར་ཆ་སྙོམས་བྱས་ན་སྒོར་ཁྲི་200ལྷག་ཙམ་ཟིན་ཡོད།2013ལོར་རྒྱལ་ཡོངས་སུ་ལས་རིགས་སློབ་གསོའི་སློབ་ཁྲིད་མཛུབ་ཁྲིད་ཨུ་ལྷན་ཁྲོད་ལས་རིགས་10གསར་དུ་བཀོད་སྒྲིག་བྱས་ཤིང་།མིག་སྔར་ཨུ་ལྷན་དེའི་ནང་ཁྱོན་བསྡོམས་ལས་རིགས་53ཡོད་པ་དང་ཨུ་ལྷན་གྱིས་ལས་རིགས་སྣེ་འཁྲིད་དེ་ཐོན་སྐྱེད་དང་སློབ་གསོ་མཉམ་བསྲེས་དང།སློབ་གྲྭ་དང་།ཁེ་ལས་མཉམ་ལས་ལ་སྐུལ་འདེད་གཏོང་གི་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག