མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་སྡེ་ཚན་ལྔས་སྨན་བཅོས་འགན་འཁྲི་འགན་བཅོལ་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་སྟེ།

སང་ལོའི་ལོ་མཇུག་གོང་རིམ་གསུམ་གཞུང་བཙུགས་སྨན་ཁང་འགན་བཅོལ་ནང་ཞུགས་ཚད་100%ཟིན་པ་བྱེད་དགོས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-07-17 18:36

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྨན་བཅོས་ཀྱི་རྩོད་གཞི་འདུམ་འགྲིག་དང་སྨན་བཅོས་ཉེན་ཁའི་དོ་དམ་ཐད་ཀྱི་སྨན་བཅོས་འགན་འཁྲི་འགན་བཅོལ་གྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་དང་།སྨན་བཅོས་འགན་འཁྲི་འགན་བཅོལ་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ།འགན་བཅོལ་ནང་ཞུགས་ཚད་དང་འགན་བཅོལ་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་ཆེད།རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛིན་པུའུ་དང་།ནོར་སྲིད་པུའུ།ཀྲུང་གོ་འགན་བཅོལ་ལྟ་སྐུལ་ཚོགས་པ།རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་བཅས་དང་མཉམ་དུ་ཚེས་11ཉིན་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་དང་འབྲེལ《སྨན་བཅོས་འགན་འཁྲི་འགན་བཅོལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་ཀྱང་བྱས་པ་རེད།

    བསམ་འཆར་ནང་ས་གནས་ཁག་གིས་རིགས་ཁག་གི་སྨན་བཅོས་སྒྲིག་གཞི་དང་ལྷག་པར་དུ་གཞུང་བཙུགས་སྨན་བཅོས་སྒྲིག་གཞི་སྨན་བཅོས་འགན་འཁྲི་འགན་བཅོལ་ནང་ཞུགས་རྒྱུར་གཅིག་གྱུར་སྒྲིག་འཛུགས་དང་སྐུལ་འདེད་གཏོང་དགོས་པ་མ་ཟད།སྨན་བཅོས་སྒྲིག་གཞིས་སྨན་བཅོས་འགན་འཁྲི་འགན་བཅོལ་ཉོས་རྗེས་སྨན་བཅོས་འགན་འཁྲིའི་དོན་རྐྱེན་ཐོན་ཚེ་འགན་བཅོལ་ཀུང་སིས་གསབ་འཇལ་བྱ་རྒྱུ་དང་།2015ལོའི་ལོ་མཇུག་གོང་རྒྱལ་ཡོངས་ཀྱི་རིམ་གསུམ་གཞུང་བཙུགས་སྨན་ཁང་འགན་བཅོལ་ནང་ཞུགས་ཚད་100%ཟིན་པ་བྱེད་དགོས་པ་དང་རིམ་གཉིས་གཞུང་བཙུགས་སྨན་ཁང་འགན་བཅོལ་ནང་ཞུགས་ཚད་90%ཡན་ཟིན་པ་བྱེད་དགོས་ཞེས་་བསྟན་་ཡོད་པ་རེད།བསྡོམས་རྩིས་བརྒྱབ་པར་གཞིགས་ན།2013ལོར་རང་རྒྱལ་དུ་རིམ་གཉིས་ཡན་གྱི་སྨན་བཅོས་སྒྲིག་གཞི་6000ཙམ་སྨན་བཅོས་འགན་འཁྲི་འགན་བཅོལ་ནང་ཞུགས་པ་དེས་རིམ་གཉིས་ཡན་གྱི་སྨན་བཅོས་སྒྲིག་གཞིའི་བསྡོམས་འབོར་གྱི་60%བཟུང་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག