མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཕྱི་འབྲེལ་པུས་ཀྲུང་ཅན་གླིང་ཕྲན་གྱི་རྣམ་གྲངས་ལས་དོན་ལེགས་སྒྲུབ་ཟིན་པ་བདེན་དཔང་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-17 10:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལའེ་ཡིས་སྤྱི་ཚེས16ཉིན། ཀྲུང་གོའི་རྒྱ་མཚོའི་རྡོ་སྣུམ981ཞེས་པའི་གཏེར་ཁྲོན་སྟེགས་བུས་མིག་སྔར་ཤི་ཧྲ་གླིང་ཚོམ་གྱི་ཀྲུང་ཅན་གླིང་ཕྲན་ཉེ་འགྲམ་གྱི་མཚོ་ཁོངས་སུ་སོར་འབིགས་ལས་དོན་ལེགས་སྒྲུབ་ཟིན་པ་དང་། འབྲེལ་ཡོད་ཁེ་ལས་ནས་ཐོབ་པའི་ས་གཤིས་དཔྱད་གཞིའི་ཡིག་ཆར་དབྱེ་ཞིབ་དང་དཔྱད་དཔོག་བྱས་པའི་རྨང་གཞིའི་ཐོག་གོམ་སྟབས་རྗེས་མའི་ལས་དོན་ཇུས་གཞི་གཏན་འབེབས་བྱ་རྒྱུར་ཞིབ་འཇུག་བྱ་རྒྱུ་རེད་ཅེས་བདེན་དཔང་གནང་བ་དང་། ཁོང་གིས་ཀྲུང་གོའི་འབྲེལ་ཡོད་ཁེ་ལས་ཀྱིས་མཁོ་འདོན་བྱས་པའི་གནས་ཚུལ་ལ་གཞིགས་ན། ཀྲུང་གོའི་རྒྱ་མཚོའི་རྡོ་སྣུམ981ཞེས་པའི་གསོར་འབིགས་སྟེགས་བུ་ཤི་ཧྲ་གླིང་ཚོམ་གྱི་ཀྲུང་ཅན་གླིང་ཕྲན་གྱི་ཉེ་འགྲམ་མཚོ་ཁོངས་སུ་གསོར་འབིགས་ལས་དོན་སྤྱི་ཟླ་༥པའི་ཚེས་༢ཉིན་ནས་འགོ་བཙུགས་པ་མ་ཟད། སྤྱི་ཟླ7པའི་ཚེས15ཉིན་དུས་བཀག་ལྟར་བདེ་བླག་ངང་ལེགས་སྒྲུབ་བྱས་ཡོད་ཅེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག